ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ཁེར་རྐྱང་གི་ང་།

རྩོམ་པ་པོ:རིགས་འཚོབ་པ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:946ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/15 13:00:16ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་གསུམ་པའི་འགྲན་རྩོམ་བདམས་བཀོད། ༡

ཁེར་རྐྱང་གི་ང་།

རིགས་འཚོབ་པ།

ཁེར་རྐྱང་བས་མཐའ་ཉུལ་ཡུན་རིང་མོའི་ཁྲོད།།
སྐྱིད་སྡུག་སྤེལ་མའི་འཚོ་བ་སྟོན་ཀའི་སྤྲིན།།
མི་ཡུལ་ཡངས་པའི་མྱ་ངམ་ཐང་འདྲའི་ཐོག
འཁྱོག་འགྲོ་ཆུ་བོ་ངེད་གཉིས་ལམ་དུ་ཆས།།

དགུང་སྔོན་སྟོང་ཆེན་ཡངས་པའི་མཁའ་དབྱིངས་སུ།།
རྟ་བདུན་དབང་པོ་ཁེར་བཞུད་གླིང་བཞིར་བསྐོར།།
གསེར་ལྡན་དབྱིག་འཛིན་དགའ་བའི་ཞིང་ཁམས་སུ།།
འཚོ་རོགས་མེད་པའི་བུ་ཆུང་རྒྱལ་ཁམས་སྐོར།།

ཐལ་ཀར་མཆེ་བ་གཟེང་འདྲའི་ལྷུན་པོ་རྩེར།།
བྱ་རྒོད་ཐང་དཀར་ཁེར་པོ་གཤོག་རྩལ་ངོམ།།
མུ་ཏིག་ཐང་ལ་བཀྲམ་འདྲའི་སྤང་ཐང་དཀྱིལ།།
རྣམ་དཔྱོད་ཅན་གྱི་བུ་ཆུང་རིགས་ལམ་རྩེད།།

མཐིང་སྨུག་ཆུ་འཛིན་སྟུག་པོ་འཁྲིགས་པའི་གསེང་།།
སྦྲང་ཆར་ཟེགས་མ་འཛིན་མའི་ལྟོ་བར་བརླན།།
ཐོབ་ཤོར་གཡུལ་ཁ་རྒོད་པའི་དུས་རབས་སུ།།
ས་མཐའི་ཁེར་བུ་སྙུག་གུ་སྟེང་ལ་སྙོབ།།

ལྷ་ས་དམར་པོ་རི་ཡི་རི་གཤམ་ན།
ཐོན་མི་ཨ་ནུ་ཞེས་པའི་མཚན་སྙན་འདུག
མི་རབས་རྗེས་མའི་ཁུག་སོ་ཐུག་པའི་ཚེ།།
མེས་པོའི་ཕྱག་རྗེས་བསྲུང་བའི་འོས་འགན་ཡོད།།

ཀེ་ལ་ཤ་རིའི་སྐོར་བའི་ཡུལ་ལྗོངས་འདིར།།
སྔར་བྱོན་དགེ་ཆོས་ཞེས་པའི་མཚན་བྱང་འདུག
དུས་རབས་ཕྱི་མའི་འབོད་པ་ཐོན་ཉིན་མོ།།
ཁ་བའི་དབུགས་རྒྱུན་སྐྱོང་བའི་བགོ་སྐལ་ཡོད།།

ཚ་སྒང་གཡུ་ལོ་རྒྱན་པའི་ཕ་གཞི་རུ།།
རྟོགས་སད་མདའ་སྨྱུག་ཟེར་བའི་མིང་བྱང་འདུག
ལྗགས་རྩོམ་ཕྱིར་རྟོག་ཅེས་པའི་ཁ་བྱང་འདུག
དེ་ཡི་དེ་ལ་དཔྱད་་ནན་མོ་དགོས།།

གྱ་གྱུ་གཡུ་འབྲུག་འཁྱུག་འདྲའི་ཆུ་བོ་རུ།།
གསེར་མིག་ཉ་མོས་རྐྱལ་རྩལ་སྦྱོང་གིན་འཚོ།།
མཐོ་པོ་རི་རྒྱལ་བསླངས་འདྲའི་བ་གམ་ཐོག
ཚ་བའི་བུ་ངས་སྙན་ངག་སྦྱོང་གིན་བསྡད།།

མི་མཇེད་འཇིག་རྟེན་མཐའ་མའི་ཞིང་ཁམས་སུ།།
ཁོ་བོ་ལྟེ་ཁྲག་འཕོས་པའི་ལོ་རྒྱུས་ཤིག
བསིལ་ལྡན་ས་ལའི་སྨན་ལྗོངས་ཡུལ་འདི་ལ།།
ཁོ་བོ་མི་ལུས་བླངས་པའི་ཕྱག་རྗེས་ཤིག

མགོ་བོ་ནག་པོའི་རིགས་སུ་སྐྱེས་པ་དང་།།
གདོང་པ་དམར་པོ་ཅན་གྱི་མི་ལུས་ཤིག
ཁ་ལས་རྩམ་དྲི་བྲོ་བའི་ལུས་རྟེན་འདི།།
བླངས་པ་འདི་ལ་དོན་ཡོད་བྱ་དགོས་སོ།།
སྤྱི་ཟླ་དང་པོའི་ཚེས་བཅུ་ཉིན་ཞོགས་པར་རིགས་འཚོབ་པ་འབོད་དེས་ཤར་མར་བྲིས་སོ།། །།

·རྩོམ་ཡིག་གོང་མ:གྲྭ་རྐྱང་གི་ཚོར་སྣང་།
·རྩོམ་ཡིག་འོག་མ:རྒྱུ་ཆ་མེད་པའི་ཤ་མོག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·ལྷ་རིས་སྒྱུ་རྩལ་བ་ཚེ་རྡོ་ལགས་ ཀྱི་སྒྱུ་རྩལ་ལམ་བུ། 2016/3/7 18:33:29
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:35:18 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:12:10 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:51:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS