ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

རྒྱུ་ཆ་མེད་པའི་ཤ་མོག

རྩོམ་པ་པོ:སྨག་མེ་སྟག་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:988ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/17 10:58:59ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་གསུམ་པའི་འགྲན་རྩོམ་བདམས་བཀོད། ༢

རྒྱུ་ཆ་མེད་པའི་ཤ་མོག

སྨག་མེ་སྟག

ནང་གི་ཤ་དང་ཕྱི་ཡི་གྲོ་ཤུན་མེད།།
འོན་ཏེ་རོ་བརྒྱ་ལྡན་པའི་མོག་མོག་ཅིག །
ཁོ་བོས་བཟོ་བར་སྙམ་ན་མཁྱེན་ལྡན་དག །
ལྗཌ་དང་ཚེམས་དཀར་གཡོ་བར་འདོད་ལཌ་སམ།།

ནང་གི་བརྗོད་དོན་ཕྱི་ཡི་དག་ཆ་དབེན།།
འོན་ཏེ་རྣ་བར་འཇེབས་པའི་སྙན་ངག་ཅིག །
ཁོ་བོས་འབྲི་བར་འདོད་ན་བློ་ལྡན་དག །
ཁྲ་ཆུང་སྤྱན་གྱིས་གཟིགས་པར་འདོད་ལཌ་སམ།།

ནང་གི་རིགས་ལུང་ཕྱི་ཡི་སྟངས་སྟབས་ངན།།
འོན་ཏེ་རྒོལ་ངན་འཇོམས་པའི་ཐལ་ངག་ཅིག །
ཁོ་བོས་འཕེན་པར་འདོད་ན་ཤེས་ལྡན་དག །
སྙན་གྱི་བུ་ག་གཏད་པར་འདོད་ལགས་སམ།།

ནང་གི་ཤེས་ཡོན་ཕྱི་ཡི་ཀུན་སྤྱོད་དམན།།
འོན་ཏེ་མིང་གྲགས་ལྡན་པའི་སྐྱེས་བུ་ཞིག །
ཁོ་བོས་བྱེད་པར་འདོད་ན་མཁས་པ་དག །
དེ་འདྲའི་ཐབས་ལམ་སླ་མོ་གཟིགས་ལཌ་སམ།།

ནང་གི་བྱང་སེམས་ཕྱི་ཡི་འདུལ་ཁྲིམས་ཞན།།
འོན་ཏེ་གཞན་འདྲེན་བྱེད་པའི་བླ་མ་ཞིག །
ཁོ་བོས་བྱ་བར་སྙམ་ན་སྤྱན་ཡངས་དག །
གཟུཌ་བརྙན་ཙམ་ལ་ཁྲེལ་བར་མཛད་ལཌ་སམ

ནང་གི་ཐབས་ཤེས་ཕྱི་ཡི་འབད་བརྩོན་བྲལ།།
འོན་ཏེ་རིགས་ཀྱི་མདུན་ལམ་བཟང་པོ་ཞིག །
ཁོ་བོས་བསྒྲུབ་པར་འདོད་ན་རིགས་ཞེན་དག །
ཐབས་དང་ལམ་བུ་ཅི་འདྲ་མཐོང་ལགས་སམ།།

དྲོ་གཅུད་མཆོག་ཏུ་ལྡན་པའི་མོག་མོག་དང་།།
རྒྱུད་མང་དབྱངས་སུ་འགུཌ་པའི་སྙན་པའི་ཚིག །
རིཌ་ལམ་སྟོང་གིས་ཕྱུག་པའི་ཚུལ་གསུམ་རྟཌ།།
ཤེས་ཡོན་འཇོན་ཐང་ལྡན་པའི་དེང་རབས་པ།།

བཟང་པོའི་ལམ་ལ་བཀྲི་བའི་བླ་མ་དང་།།
རིགས་ལ་ལག་རྗེས་བཞག་པའི་མི་བུ་ཞིག །
རེ་བས་སྙིང་ལ་དམ་དུ་འཁྱུད་ལགས་ཀྱང་།།
དངོས་པོའི་གནས་སུ་དེ་དག་རྨི་ལམ་ཙམ།།

འདི་ན་མངོན་དུ་གྱུར་པའི་རྨི་ལམ་མང་།།
བསམ་ན་ངོ་མཚར་གནས་སུ་ཅི་ཡང་མཐོང་།།
ཁོ་བོའི་རྨི་ལམ་འཛམ་གླིང་རྒྱན་གྱུར་གྲངས།།
འདི་ཡང་མངོན་དུ་འགྱུར་སྙམ་སྤོབས་པ་དགེ།།
2015/1/10
ཉིན་སྨག་མེ་སྟག་གིས།

·རྩོམ་ཡིག་གོང་མ:ཁེར་རྐྱང་གི་ང་།
·རྩོམ་ཡིག་འོག་མ:འདས་ཟིན་པའི་ཉིས་སྟོང་བཅུ་བཞི་དང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:14:18 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:03:53 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:46:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS