ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

འདས་ཟིན་པའི་ཉིས་སྟོང་བཅུ་བཞི་དང་།

རྩོམ་པ་པོ:རྨ་ཁ།ཡོང་ཁུངས:ཚངས་དྲ།གཟིགས་གྲངས:1070ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/17 11:02:47ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་གསུམ་པའི་འགྲན་རྩོམ་བདམས་བཀོད། ༢

འདས་ཟིན་པའི་ཉིས་སྟོང་བཅུ་བཞི་དང་།

___རྨ་ཁ།

རེ་བ་རི་རྒྱལ་ནང་བཞིན་ཆེ་ན་ཡང་།
ཨུ་ཚུགས་རིལ་མ་ཇི་བཞིན་ཆུང་དྲག་པས།
ཐོབ་པ་སྦར་མོ་གང་ཞིག་མེད་པ་ལ།
ཤོར་བ་དབུགས་ཀྱི་གྲངས་བཞིན་མང་ནས་སོང་།

མཐོང་ཐོས་གནམ་གྱི་སྐར་མ་མང་ན་ཡང་།
ཉམས་མྱོང་མཚན་མོའི་སྨག་རུམ་འཐོམ་དྲག་པས།
ཡར་རྒྱས་གཉན་གྱི་རྭ་ཅོ་གུག་སོང་ལ།
ཉམ་ཉེས་རྟ་ཡི་རྔ་མ་ལྷུང་ནས་སོང་།

ཁ་བཤད་འབྲུག་སྒྲ་སྙན་མོ་གྲགས་ན་ཡང་།
ལག་ལེན་འབྲུག་གཟུགས་རྡོག་པོ་མཐོང་དཀོན་པས།
ཕན་པ་སྒོ་ང་ཙམ་ཞིག་མེད་པ་ལ།
དོན་མེད་བྱ་བྲུན་ཇི་བཞིན་མང་ནས་སོང་།

བསམ་པ་གངས་རི་ནང་བཞིན་དཀར་ན་ཡང་།
སྤྱོད་པ་རྫ་རི་ནང་བཞིན་ནག་ཆེས་པས།
རང་སེམས་ལྷ་སྐུ་ནང་བཞིན་འཛུམ་ན་ཡང་།
གཞན་ངོར་འདྲེ་གཟུགས་ནང་བཞིན་གྱུར་ནས་སོང་།

ཐབས་བཀོད་ཐག་པ་བཞིན་དུ་འཐེན་ན་ཡང་།
ལམ་འགྲོ་མདུད་པ་བཞིན་དུ་འགག་ཆེས་པས།
ངལ་བ་བརྒྱ་ཐོག་སྟོང་བརྩེགས་འབད་ན་ཡང་།
འབྲས་བུ་གཅིག་རྗེས་གཉིས་མེད་གྱུར་ནས་སོང་།

ཁས་ལེན་བྱེ་ཕུང་ནང་བཞིན་བསགས་ན་ཡང་།
ཉམས་ལེན་མཆིང་བུ་ནང་བཞིན་ཡལ་གྱུར་བས།
སྟོན་རྒྱུ་འཇའ་འོད་ནང་བཞིན་མཛེས་ན་ཡང་།
བཟུང་རྒྱུ་མཇའ་སྣེ་ནང་བཞིན་ཡལ་ནས་སོང་།

བདེན་དོན་གསེར་འོད་ནང་བཞིན་འཚེར་ན་ཡང་།
གཡོ་རྫུན་ས་རྡུལ་ཇི་བཞིན་འཚུབ་ཆེས་པས།
རང་ལ་གནས་ལུགས་ཕྲན་བུ་ཡོད་ཀྱང་རུང་།
མི་སྔུན་ནག་ཉེ་ཅན་ཞིག་ཆགས་ནས་སོང་།

མཐུན་སྒྲིལ་དཔུང་པ་ཕྲ་མོ་ཕྱར་ན་ཡང་།
ནང་འཁོན་རྐང་རྗེས་ནག་པོ་རིང་ཆེས་པས།
སོ་དཀར་གདོང་ནས་བསྟན་པ་སླ་མོད་ཀྱང་།
སེམས་དཀར་ཞེན་པའི་ཕུག་ནས་དཀའ་ནས་སོང་།

ལ་རྒྱའི་ཁ་ཕོ་དམ་དུ་བསྡམས་ན་ཡང་།
སེམས་ནས་སྒེར་དོན་ཁོག་བཅངས་ཤུགས་ཆེ་བས།
མ་བརྟགས་ཕྱི་ནས་ཡག་ཡག་འདྲ་ན་ཡང་།
བརྟགས་ཚེ་ནང་ནས་རུལ་རུལ་གྱུར་ནས་སོང་།

དཔྱོད་ཤེས་མགྲིན་པ་གྱེན་དུ་བཏེགས་ན་ཡང་།
ཐོས་སྦྱང་མིག་ཟུང་ཕྲ་མོ་དོག་ཆེས་པས།
སོམས་ཉི་མུན་པའི་ཞགས་པ་རིང་མོ་དེ།
རང་སེམས་དག་སྣང་དད་པར་ཐེབས་ནས་སོང་།

སྙན་ངག་རྣལ་མ་ཞིག་ཏུ་རློམ་རློམ་ནས།
རྩོམ་ཡིག་ཐར་ཐོར་རེ་རེ་བྲིས་མོད་ཀྱང་།
རང་ལ་བློ་སྐྱེད་ཕྲན་བུ་མེད་པའི་ཁར།
ཀློག་མཁན་དུས་ཚོད་ཟད་བྱེད་གྱུར་ནས་སོང་།

མི་ཚེ་འཕྲིན་ཕྲན་ནང་ནས་ཟད་ཟད་ནས།
ལང་ཚོ་ཁ་པར་ནང་ནས་ཡོལ་ཡོལ་དུས།
སྡུག་ཡུས་སེམས་ལ་མུན་པ་བབ་བབ་རུང་།
ཞུ་ས་འདོན་ཡུལ་མེད་པས་སྐྱོ་ནས་སོང་།

བལྟས་ཚོད་དགའ་དགའ་འདྲ་བའི་སྣང་བ་ལ།
བསམ་ཚེ་སྐྱོ་སྐྱོ་དགོས་པའི་བྱ་བ་སྟེ།
ཁ་བཤད་སྟོང་བསམ་ཙམ་གྱིས་བསླུས་པའི་ཚུལ།
དྲན་བཞིན་དྲན་པ་ཡི་མུག་གྱུར་ནས་སོང་།

མི་ཚེ་ལམ་ཕྲན་འདྲ་བའི་ཀྱག་ཀྱོག་ནས།
ཐུང་ཐུང་ལམ་ཕྱེད་ཡུན་གྱིས་རྫོགས་པ་ཡི།
མིག་ཟུང་ཕྱི་ལ་ལན་གཅིག་འཁོར་བ་ན།
མིག་ཆུ་རྡོག་རྡོག་ཅིག་ལས་མེད་ནས་སོང་།

རང་བརྩོན་གཞན་བསྟེན་ཐབས་ཤེས་ཟུང་འབྲེལ་གྱིས།
ཨ་ན་ཨུ་ཚུགས་དཀའ་བ་ཁུར་བླངས་ཏེ།
རང་སེམས་དམ་བཅའ་རུལ་མེད་བཙན་པོ་ཡིས།
མི་ཚེའི་དཀྱོགས་མཚམས་སྨོན་པ་གནམ་ལོ་གསར།

སྤྱི་ལོ་ 2014/12/31 ལོ་མཇུག་ཉིན་མོར།

·རྩོམ་ཡིག་གོང་མ:རྒྱུ་ཆ་མེད་པའི་ཤ་མོག
·རྩོམ་ཡིག་འོག་མ:དྲན་པའི་ངོགས་ཀྱི་ཨ་ཕ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:43:27 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:43:05 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:31:51 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS