ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ཀ་རྩོམ་སྙིང་གཏམ་དམར་རྗེན་མ།

རྩོམ་པ་པོ:རྡེའུ་དཀར་པོ་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1046ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/20 13:57:22ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་གསུམ་པའི་འགྲན་རྩོམ་བདམས་བཀོད།༣

ཀ་རྩོམ་སྙིང་གཏམ་དམར་རྗེན་མ།

རྡེའུ་དཀར་པོ།

ཀ་ཁའི་འཕེལ་འགྲིབ་ཁོག་ཏུ་བཀྲ་ཡང་ཁ་ནས་གླེང་མཁན་ཉུང་ཉུང་རེད།
ཁ་བའི་སྐྱིད་སྡུག་མཆུ་རྩེར་མོད་ཀྱང་ལག་དོན་འཁྱོལ་མཁན་ཚོད་ཚོད་རེད།
ག་སར་ཁ་ཐུག་སྣ་ཐུག་བྱས་ཀྱང་དོན་ཐོག་འབྱོར་བ་དཀོན་དཀོན་རེད།
ང་དང་ང་འདྲ་ཁྱོད་དང་ཁྱོད་འདྲར་དེ་དང་དེ་བཞིན་རྐྱང་རྐྱང་རེད།
ཅ་དངོས་སོ་ཅོག་མི་རྟག་ཟེར་བར་ཟེར་མཁན་ཁོ་ལ་གཟབ་ཀྱིས་ལྟོས།
ཆ་བྱད་ངན་པར་ཆོས་པ་ཡིན་ཡང་ཨེ་སྡང་ཨེ་བསྡིག་སེམས་ཀྱིས་ལྟོས།
ཇ་མར་རྩམ་གྱི་ཨ་མའི་ཟས་ལ་ཟས་ཀྱི་དང་ག་ཡོད་མེད་ལྟོས།
ཉ་སྲོག་ཕྲ་མོ་ཉ་གར་བཅལ་འདི་ཚེ་སྲོག་འདྲ་མཉམ་ཨེ་རེད་ལྟོས།
ཏ་ཐ་གཱ་ཏའི་གསུང་རབ་ཟོས་པ་ཁེངས་དང་རྒྱགས་བྱེད་ཨེ་ཡིན་སོམས།
ཐ་སྙད་རིག་པར་གོམས་པ་བྱེད་འདི་གཞན་སྐྱོན་འཚོལ་བྱེད་ཨེ་རེད་སོམས།
ད་ལྟའི་དུས་འདི་སྲོག་ལས་གཅེས་པས་བརླགས་དང་ཤོར་ན་ཨེ་ཕངས་སོམས།
ན་དང་རྒས་ཀྱི་ཁུག་སོ་ཞིག་ལ་འགྱོད་ཀྱང་འཕྱིས་པ་ཨེ་ཤེས་སོམས།
པ་ལོ་མེད་པའི་མགོ་རིལ་ཀུན་ལ་ཡིད་ཆེས་ཨེ་འཕེར་ནན་གྱིས་ལྟོས།
ཕ་བཟང་བུ་དང་མ་བཟང་བུ་མོས་མེས་པོའི་རྐང་རྗེས་ཨེ་རྙེད་ལྟོས།
བ་དང་བེའུའི་འདུ་ཤེས་ཙམ་ཞིག་མ་དང་བུ་མོར་ཨེ་འདུག་ལྟོས།
མ་རྒན་སེམས་ཅན་ཐམས་ཅད་ཟེར་བའི་སེམས་བསྐྱེད་དོན་ལ་ཡོད་མེད་ལྟོས།
ཙ་རིའི་སྨྱུག་བཞིན་དྲང་པོ་ཅན་ཞིག་ཚོད་ཚོད་ཚོད་ཀྱིས་མི་ལོན་གི
ཚ་ཟེར་འོད་བཞིན་རིས་མེད་ཅན་ཞིག་བཙལ་བཙལ་བཙལ་ཀྱང་མི་རྙེད་ཀི།
ཛ་ལང་དཔོན་གྱི་བཀའ་ཁྲིམས་བཙན་པོར་འདུད་འདུད་འདུད་ཀྱང་མི་མགུ་གི
ཝ་མོའི་རྒྱལ་ཐབས་འདི་ལྟ་རུལ་བ་གསང་གསང་གསང་ཡང་མི་ཁེབས་ཀི།
ཞ་འཐེང་མིན་ན་རྒྱལ་ཁམས་བསྐོར་ཅིག་ལྗོངསས་དང་ལྗོངས་ཀྱི་ལྟད་མོ་ཡོད།
ཟ་འཐུང་དགོས་ན་ལག་པ་འགུལ་ཅིག་ལོངས་སྤྱོད་ལག་པའི་མཐིལ་ལ་ཡོད།
འ་ཆད་སྟེང་ལ་འུ་ཐུག་མ་སྡོད་རིགས་མཐུན་སེམས་པ་གཅིག་ཏུ་གླན།
ཡ་ཡོ་མེད་པའི་སེམས་རྒྱུན་བཟང་པོ་ལྷགས་དང་རླུང་ལ་བསྐུར་ན་ཕངས།
ར་བ་ཧྲིལ་པོ་གངས་ཀྱིས་བསྐོར་ཞིང་གངས་ལ་དུང་བའི་གདོང་དམར་བ།
ལ་རྒྱ་གླེང་བཞིན་ལ་རྒྱ་མ་ཤོར་ལ་རྒྱ་མ་ལྷོད་གཙིགས་སུ་གཅེས།
ཤ་ཉེ་ལྟ་བུ་ཤ་ཁྲག་མཐུན་དགོས་ཤ་ཁྲག་རུས་གསུམ་མ་འཆོལ་དགོས།
ས་ལྒང་རིན་ཆེན་རིན་གྱིས་ཁུག་མིན་རིན་པོ་ཆེ་ཞེས་འདི་ནས་བརྗོད།
ཧ་ཅང་ཚིག་ལ་ཞེན་གོག་མ་བྱས་བརྗོད་བྱའི་སྙིང་པོ་བསྒྲིབ་པར་དྭོགས།
ཧ་ལམ་དོན་ལ་སྒྲོ་སྐུར་བྱས་མེད་རྫུན་གྱི་རྐྱལ་པར་འཇིགས་ནས་ཡོད།
ཨ་ཙི་མི་ངན་ཁྲལ་ལ་ཞེད་ནས་སྨྱུག་རྩེ་སྒུལ་བ་ཙམ་པ་ལས།
ཨ་མ་མགུ་ཞིང་བུ་ཚ་དགྱེས་པའི་སྙན་རྩོམ་གྲུབ་པ་དཀའ་ཙམ་གདའ།
ཞེས་དྲ་མིང་རྡེའུ་དཀར་པོ་ནས། ༢༠༡༤ལོའི་ཟླ་བ་༡༢པའི་ཚེས་༡༩ལ།

·རྩོམ་ཡིག་གོང་མ:འཕགས་བསྟོད་བཞུགས་སོ།
·རྩོམ་ཡིག་འོག་མ:སེམས་པ་ཁྱེར་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:59:09 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:09:13 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:47:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 62 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS