ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ཁྲག་གི་མིག་ཆུ།

རྩོམ་པ་པོ:ཚ་བཀྲ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:966ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/20 14:23:43ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་གསུམ་པའི་འགྲན་རྩོམ་བདམས་བཀོད།༣

ཁྲག་གི་མིག་ཆུ།

ཚ་བཀྲ།

སྤུ་རྒྱལ་གཉའ་ཁྲི་བཙན་ནས་གནམ་རི་བར།།
འདོད་སྲེད་མེ་ལྕེ་གཡོ་བའི་ཡར་ཀླུང་པ།།
ཀུན་ལ་འགྲན་དུ་སློང་བའི་ཧམ་སེམས་དེས།།
མིག་རྩ་ཁྲག་གིས་ཟིན་པའི་ཞེ་སྡང་ཡོད།།

མི་དབང་སྲོང་བཙན་སྒམ་ནས་མེ་ཨག་བར།།
དཔའ་མཛངས་ཉི་མ་འཆར་བའི་ཆེན་པོ་བོད།།
སྲིད་འདིར་འགྲན་གྱི་ཟླ་བོ་མ་རྙེད་པས།།
ང་རྒྱལ་ཆང་གིས་བཟི་བའི་དཔའ་གླུ་ཡོད།།

ཆོས་རྒྱལ་ཁྲི་ལྡེ་བཙན་ནས་འུ་དུམ་བར།།
ལུགས་ཟུང་བང་ཁ་འགྲན་པའི་བཙན་པོ་བོད།།
མཐའ་གཞིར་བྱིན་གྱིས་བརླབ་པའི་ཞབས་རྗེས་ཁྲོད
སྲིད་གསུམ་ཟས་སུ་བཞེས་པའི་ཁ་ཁོག་ཡོད།།

རྒྱལ་སྲིད་ཁྲག་ལ་སྦྲེ་ནས་ས་སྐྱ་བར།།
ཕ་རོ་བུ་ཡིས་རྡུང་བའི་སིལ་བུ་བོད།།
ཉི་ཟླའི་འཆར་བཞུད་ནོར་བའི་གོ་ཁ་ནས།།
མི་དབང་ས་སྐྱོང་རྩི་བ་མི་ནུས་ཡོད།།

ས་པཞང་མཁྱེན་པའི་འོད་ཟེར་གྱིས།།
ཆོས་སྲིད་ཟུང་དུ་སྒྲིལ་བའི་ཆོལ་ཁ་གསུམ།།
བཙན་བོད་རྒྱལ་ཁབ་དབུ་ཁྱུད་གཉིས་པ་དེས།།
ཆེན་པོ་བོད་ལ་བཞེངས་པའི་རྡོ་རིང་ཡོད།།

ས་ཕག་ནང་འཁོན་དགའ་ལྡན་ཕོ་བྲང་བར།།
ཆོས་བསླད་སྲིད་བརླག་བྲེལ་བའི་ལས་ངན་བོད།།
ཕ་བསད་དགྲ་མགྲོན་འབོད་པའི་བླ་མ་ཚང་།།
བདག་མེད་གླུ་རུ་གྱེར་བའི་གྲེ་བ་ཡོད།།

དར་རྒུད་རྒ་འཆིའི་རུས་བའི་རབ་གསེང་དུ།།
སྲོང་བཙན་བཀའ་ཡིག་བསྒྲག་པའི་ང་རོ་ནས་།།
ཐུབ་རྒྱམ་ཕྱོགས་བཞིར་བྲོས་པའི་རྟ་ལམ་སོགས།།
སེམས་པ་མེ་ལ་ཤོར་བའི་ཚོར་གཟེར་ཡོད།།

གསེར་གྱིས་སྐྱེ་བསུ་བར་གྱི་ཐུ་མི་ནས།།
རྩམ་ཆད་ཆུ་ལ་རེ་བའི་དགེ་ཆོས་བར།།
མཉེན་དང་དགྲ་རུ་གྱུར་པའི་ལོ་ཙཱའི་ཁྲོད།།
མིག་ཀོང་ཁྲག་གི་སྦགས་པའི་འཕོ་འགྱུར་ཡོད།།

རྒོད་པོ་ཤ་ལ་སྐྲག་པའི་དུ་ཁྲོད་ནས།།
ཁྱི་སྤྱང་ཁྲག་གི་བཟི་བའི་རིག་གསར་སྐབས།།
་ཆེན་དཔུང་ཡ་བོར་བའི་ཕང་སེམས་ཀྱིས།།
ཤི་ཡང་ཡལ་དུ་མེད་པའི་གདུང་འབོད་ཡོད།།
༡༠
འཕེལ་གྲིབ་དབྱར་དགུན་འདྲ་བའི་དུས་ཚིགས་སུ།།
སྙིང་དྲོན་མེ་རུ་སྒྲོན་པའི་སྤྱི་དོན་ནས།།
བོད་དོན་ལྟོ་བ་བརྗེ་བའི་རྒྱུགས་ཁྱི་བར།།
བསམ་བརྗོད་བློ་ལས་འདས་པའི་སྒྲུང་རིང་ཡོད།།
༡༡
ཚངས་རྒྱམ་ཆོས་གོས་དོར་ཀྱང་ཆོས་མ་དོར།།
དེང་བླ་ཆོས་བློ་དོར་ནས་ཆོས་གོས་བཀླུབས།།
སེང་ཁོག་འབུ་ཡིས་ཟོས་པའི་འཇིགས་བརྡ་འདི།།
ཁྲག་གི་མི་ཆུ་འབོད་པའི་གཡབ་མོ་ཡིན།།

·རྩོམ་ཡིག་གོང་མ:སེམས་པ་ཁྱེར་བ།
·རྩོམ་ཡིག་འོག་མ:གཞོན་ནུ་མར་བསྟོད་པ་ཨུཏྤལ་དཀར་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:58:52 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:51:11 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:05:07 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS