ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

གཞོན་ནུ་མར་བསྟོད་པ་ཨུཏྤལ་དཀར་པོ།

  རྩོམ་པ་པོ:ཤར་གྱི་ཐིག་ལེ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:932ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/20 14:37:08ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་གསུམ་པའི་འགྲན་རྩོམ་བདམས་བཀོད།༣

 

གཞོན་ནུ་མར་བསྟོད་པ་ཨུཏྤལ་དཀར་པོ།

    

    
ཤར་གྱི་ཐིག་ལེ། 


ཀ་དག་ཁྲོ་བོ་ཕོ་མོ་ཐབས་ཤེས་ཟུང་དུ་སྦྱོར་བས་མྱོས།
ཁ་ནང་སོ་ཕྲེང་འཐོར་བའི་རྒན་ཁོག་རྣམས་ཀྱང་དེ་རུ་མོས།
ག་ཤེད་འཛམ་གླིང་འདི་རུ་སྲིད་འབྱོར་རིགས་གསུམ་རྒྱས་དགོས་ན།
ང་ཅག་ལྷད་མེད་བརྩེ་བའི་སྒོ་ནས་ཆགས་ཡུལ་མ་རུ་གཅེས།

ཅ་ཅོ་མགོ་བསྐོར་གཏམ་གྱི་རྣ་བའི་བདུད་རྩི་མེད་ཀྱང་ཆོག
ཆ་ལུགས་ཀུན་སྤྱོད་གཞན་གྱི་རྗེས་སུ་མ་སླེབས་ན་ཡང་ཐང་།
ཇ་ཡུན་ཙམ་དུ་མི་སྡོད་མཛེས་བཟོ་བྱེད་འདོད་དབེན་ཡང་བླ།
ཉ་མོ་བཞིན་དུ་ཚུགས་མེད་མ་མཛད་ན་ཡང་ལྷག་ཏུ་གཅེས།

ཏ་ཐའི་བསྟན་པའི་ཆོས་སྒོར་ཞུགས་ཏེ་ཞབས་ས་མ་འདྲེན་ཞིང་།
ཐ་ཆད་ཀུན་སྤྱོད་སྤངས་ནས་ཚུལ་མཐུན་བྱ་བའི་ལས་སུ་འཇུག
དྭ་ཕྲུག་སྐྱབས་མེད་ཚོགས་རྣམས་སྙན་ཚིག་སྟེར་བའི་མ་མ་མཆོག
ན་ཆུང་གཞོན་ནུའི་ལུས་སེམས་གླིང་འདིར་དངོས་པོའི་དཔེ་མ་མཆིས།

པ་ཏྲ་མིག་མང་བཞིན་དུ་དགའ་སྡུག་འདྲེས་མའི་མ་འཁྱོར་ཞིང་།
ཕ་ཡུལ་ཕྱོགས་སུ་མཆིས་པའི་གཅེས་གྲོགས་རྣམས་ལ་རབ་བརྩེ་བའི།
མ་མ་བཞིན་དུ་སེམས་ཀྱི་པད་མ་སྟེར་བའི་ཡིད་འཕྲོག་མ།
བ་ལང་མཉམ་དུ་ཁེངསྐྱུ་བྱེད་ཀྱིན་བཞུགས་འདི་ཨེ་མ་མཚར།

ཙ་་ལྷག་རླུང་ལྡང་བའི་མཐོ་སྒང་དག་ཏུ་གནས་བཅས་པའི།
ཚ་གྲང་ཅི་རིགས་བཟོད་པའི་མཐོ་སྒང་བུ་མོའི་ཁྱད་ཆོས་འདི།
ཛ་དྲག་ཆེ་བའི་དུས་འདི་ངོམ་པའི་རིན་ཐང་དབེན་ན་ཡང་།
ཝ་མོའི་བརྟུལ་ཞུགས་འཛིན་གྱིན་གླིང་འདིའི་བུ་མོའི་ཡང་རྩེར་སོན།

ཞྭ་མོ་ལ་སོགས་གྱོན་ཆས་གསར་གོས་མཐའ་དག་མ་ཀླུབ་ཀྱང་།
ཟ་མ་མོ་ཡིས་གཡང་ཁྱིམ་གྲུ་བཞི་ཁྲོད་དུ་དྲོད་ཁོལ་སྦྱིན།
འ་འུར་སྙན་གཏམ་མངར་མོ་རྣ་བའི་བདུད་རྩི་གསོས་སུ་སྨིན།
ཡ་རབ་ཀུན་སྤྱོད་ལྡན་ཞིང་ཞིང་ས་བཟང་བའི་ས་བོན་ལྟར།

ར་བ་གངས་རིའི་ལྗོངས་སུ་རིགས་རྒྱུད་ལོ་ཏོག་རབ་ཏུ་བསྐྱེད།
ལ་ལུང་ཕ་གཞིས་འཛིན་པའི་རིགས་སྲསསྐྱོང་མཛད་སྐེད་ཕྲ་མ།
ཤ་མདོག་དཀར་མདངས་ལྡན་པའི་མྱོས་ཟུང་འབུར་བའི་མཛེས་ལྡན་མ།
ས་སྟེང་འདི་རུ་ཁྱེད་ལས་རླབས་ཆེན་སྐྱེ་བོ་སུ་ཞིག་མཆིས།

ཧ་ཧ་བཙུན་ཆུང་འདི་ཡིས་ཟེར་གཏམ་ཟེར་ནས་མ་འཕྱ་ཞིག
ཨ་ལགས་འགའ་ཞིག་སྤྱོད་པ་འདི་་སྤྱན་ཟུང་ཕྱེས་ནས་གཟིགས།
ཧ་ལམ་རྟ་བདུན་དབང་པོ་ལྷ་ལམ་དཀྱིལ་དུ་བསྙེག་སྐབས་སུ།
ཨ་ཉོག་ཤར་ཐིག་ཅེས་པའི་དང་པོའི་བཅུ་ཉིན་མགྱོགས་བྲིས་དགེ།།
༢༠༡༥༡༠ཉིན། 

·རྩོམ་ཡིག་གོང་མ:ཁྲག་གི་མིག་ཆུ།
·རྩོམ་ཡིག་འོག་མ:སང་ཉིན་སོ་ནམ་ལོ་སར།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 4:16:16 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 15:31:21 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/12 17:46:48 [来自: 112.5.243.142]

འབྲེལ་ཡོད་དཔྱད་བརྗོད 35 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS