ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

སང་ཉིན་སོ་ནམ་ལོ་སར།

རྩོམ་པ་པོ:དམངས་ཕྲུག་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1004ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/27 9:46:44ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་བཞི་པའི་འགྲན་རྩོམ་བདམས་བཀོད།༡

སང་ཉིན་སོ་ནམ་ལོ་སར།

དམངས་ཕྲུག

གནམ་རིག་སྐར་རྩིས་དཔྱད་འབྲས་བཞིན་དུ་གནམ་ལོ་གསར་པ་ཤར་ལ་ཉེ།།
གནམ་འོག་མི་རྣམས་རང་གིས་སྲོལ་ལྟར་གནམ་ལོ་སར་སྟངས་མི་འདྲ་ཡོད།།
གནམ་བསྐོས་རྒྱུད་པ་བོད་པའི་རིགས་ཀྱི་གནམ་གང་ཉིན་མོར་ལྟ་གོན་བྱ།།
གནམ་ལ་སྐར་མ་ཚང་བའི་དུས་སུ་གནམ་གྱི་སྐར་མ་ཞོགས་ཆུ་ལེན།།
ཚེས་དགུ་ཁང་པའི་དུ་རྒན་ལ་སོགས་ཕྱི་ནང་གད་ཕྱི་ལེགས་བྱས་ཏེ།།
དགུ་གཏོ་འཕོ་ལ་དགུ་ཐུག་བསྐོལ་བར་ལོ་འདིའི་བར་ཆད་ཟློག་ལ་འབད།།
ཚེས་གཅིག་ཐོ་རང་བྱ་ཡི་དུས་སུ་སྔ་མོར་ཡར་ལ་ལང་མ་ཐག།།
གྲོ་ཕྱེ་བཟོས་པའི་དཀར་ཐིག་རྒྱན་ཅིང་རྟགས་བརྒྱད་རི་མོའང་འབྲི་སྲོལ་ཡོད།།
མཆོག་གསུམ་ཞིང་ལ་མེ་ཏོག་ལ་སོགས་མཆོད་པ་སྣ་བདུན་ཚང་བར་བཤམས།།
ལོ་སར་སྟོན་མོ་ཕུད་ཀྱིས་མཆོད་པ་ལྷ་སྐལ་དང་པོ་ཡར་ལ་བཞག།
གདོང་ལ་དགུན་ཆུ་ཟེགས་མ་ཞིག་གི་ནང་མི་ཚང་མ་ཁྲུས་ལ་འཇུག།
དེ་ནས་གྲལ་གྱི་གོ་རིམ་བཞིན་དུ་དཀར་མངར་སྦྱར་བའི་ཕྱེ་མར་འགྲེམས།།
སྐད་ངག་མཐོ་པོར་བཀྲ་ཤིས་སྨོན་ཚིགས་རེ་རེས་བརྗོད་བཞིན་ཕྱེ་མར་འགམས།།
འབྲི་མར་སྲུབ་པའི་འབྲོག་ཇ་ཞིམ་པོ་འོ་མའི་བཏུང་བ་གཡོན་དུ་འཁྱིལ།།
ཐུད་དང་ཕྱུར་བ་མར་དཀར་མར་སེར་དཀར་གསུམ་བཟའ་བཅའ་་གཡས་སུ་བསྐྱིལ།།
བཟའ་བ་ཤ་དང་སྦྲང་དཀར་རྩམ་པའི་སྡེར་ཁ་རི་བོའི་གཏོས་དང་མཉམ།།
བཏུང་བ་ཇ་ཆང་འོ་ཞོའི་ཟོམ་སྣོད་ཡུར་བར་དྲངས་པའི་ཆུ་བཞིན་མོད།།
ཕོ་སྐྱེས་ཐམས་ཅད་རྟ་རྩེད་འགྲན་ནས་དགའ་བའི་བྲོ་བརྡུངས་གནམ་ལ་ལྡིང་།
མོ་སྨན་ཐམས་ཅད་མཛེས་པའི་ཟུར་མིག་ལྟ་མོར་གཡེང་ཞིང་ས་ལ་འཁྱིལ།།
ཨ་ཐིག་འཕོངས་ལ་ཐལ་ལྕག་བྲབ་བཞིན་རྐང་རྩེད་ལིང་ལིང་གྲོང་བར་བསྒྱུར།།
བགྲེས་སོང་ཚོགས་རྣམས་ཉི་རའི་ཁུག་ཏུ་སྲིད་པའི་གནའ་གཏམ་རིང་མོ་གླེང་།
༢༠༡༥//༡༩ དགོང་མོ་དམངས་ཕྲུག་པས།།

·རྩོམ་ཡིག་གོང་མ:གཞོན་ནུ་མར་བསྟོད་པ་ཨུཏྤལ་དཀར་པོ།
·རྩོམ་ཡིག་འོག་མ:ཡུན་དུ་འགྲོག་དང་ངང་གིས་ཤེས་འོང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:24:30 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:38:09 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 1:27:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 71 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.30MS