ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ཡུན་དུ་འགྲོག་དང་ངང་གིས་ཤེས་འོང་།

རྩོམ་པ་པོ:རྨ་ཁ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:968ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/27 9:48:42ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་བཞི་པའི་འགྲན་རྩོམ་བདམས་བཀོད།༡

ཡུན་དུ་འགྲོག་དང་ངང་གིས་ཤེས་འོང་།

རྨ་ཁ།

མཐོང་མ་ཐག་ནས་འཛུམ་པའི་མདངས་ཀྱིས།
མིག་ཟུང་ཁྲ་མོ་ཧྲིག་ཧྲིག་འཕངས་དུས།
ཧ་ཅང་སེམས་ལ་བབས་མདོག་ངང་ནས།
ལུས་ངག་ཚུགས་ཀ་ཤོར་སྔ་མ་བྱེད།
མིག་གི་འབྱེད་འཛུམ་རྫུན་པའི་ཕུག་ལ།
སེམས་ཀྱི་གཡོ་འཕྲུལ་མི་དབང་ཡོད་འགྲོ།
ལྷད་མེད་དུང་བའི་བརྡ་ཞིག་ཡིན་ན།
ཡུན་དུ་འགྲོག་དང་ངང་གིས་ཤེས་འོང་།
འཕྲད་མ་ཐག་ནས་བྱམས་པའི་ཉམས་ཀྱིས།
སྐད་ཆ་སྙན་མོ་ཤུབ་ཤུབ་བཟློ་དུས།
ཧ་ཅང་བློ་ལ་ཕྱིན་མདོག་ངང་ནས།
སྙིང་གཏམ་གསང་བ་ཤོད་སྔ་མ་བྱེད།
ལྕེ་ཡི་འགུལ་སྐྱོད་རྫུན་པའི་ཕུག་ལ།
དྲན་རྒྱུ་འཁྱོགས་པོའི་དཔོན་ཞིག་ཡོད་འགྲོ།
ལྷད་མེད་བརྩེ་བའི་སྐད་ཆ་ཡིན་ན།
ཡུན་དུ་འགྲོག་དང་ངང་གིས་ཤེས་འོང་།
འགྲོགས་མ་ཐག་ནས་འབྲལ་མེད་རྣམ་པས།
བྲང་གཞུང་དཀར་ནག་རྗེན་རྗེན་སྟོན་དུས།
ཡིད་ཆེས་ཟབ་མོ་ཐུབ་མདོག་ངང་ནས།
ཡོད་ཚད་ཕྱི་ལ་སྤྲད་རྐྱང་མ་བྱེད།
ལུས་ཀྱི་ཚུགས་ཀའི་སྒྱུ་མའི་ཕུག་ལ།
མངོན་མེད་རྔམ་པའི་རྫས་ཤིག་ཡོད་འགྲོ།
ཚེ་གཅིག་གྲོགས་ཀྱི་བརྩེ་འདང་ཡོད་ན།
ཡུན་དུ་འགྲོག་དང་ངང་གིས་ཤེས་འོང་།
ཅིས་ཀྱང་ལས་དང་སྐལ་བ་ཡོད་ན།
ཐབས་དང་ཤེས་རབ་འཚོལ་དགོས་མ་རེད།
སེམས་ཀྱི་གཏིང་ནས་ཡི་ག་མེད་ན།
གླེན་པའི་ཨུ་ཚུགས་རང་སྡུག་གཞི་རེད།
ཧ་ཅང་འབྲལ་མེད་བརྩེ་དུང་ཆེ་ན།
རྟག་ཏུ་མི་བརྟན་སྲོག་གི་དགྲ་རེད།
རང་རང་འདོད་པ་ཐོབ་ཐང་སྤྲད་ན།
དུང་བ་ངོ་མ་ཏག་ཏག་ཡིན་རེད།
ཁབ་རྩེ་འབིག་རྩེ་ཙམ་གྱི་གཞི་ལ།
དག་དག་གསལ་གསལ་རྩོད་པ་ཆེ་ན།
བརྩེ་སེམས་དཀར་པོ་ཡར་ངོའི་ཟླ་བ།
སུན་སྣང་དུས་ཀྱིས་མར་ངོར་འགྲིབ་འགྲོ།
ཕ་མའི་སེམས་པ་གཡུ་མཚོའི་མེ་ལོང་།
ཐེངས་བརྒྱ་དཀྲུགས་ཀྱང་འཁྲུགས་པ་མ་ཡིན།
དགའ་གྲོགས་སེམས་པ་ཤེལ་གྱི་མེ་ལོང་།
ཐེངས་གཅིག་དཀྲུག་ན་དེ་ནས་ཚར་རེད།

༡༤། ༦། ༡༤། ཉིན།

·རྩོམ་ཡིག་གོང་མ:སང་ཉིན་སོ་ནམ་ལོ་སར།
·རྩོམ་ཡིག་འོག་མ:ངོས་ཀྱི་ཕ་ས་ཚ་བ་སྒང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:16:38 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:35:46 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:35:20 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 54 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS