ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

ངོས་ཀྱི་ཕ་ས་ཚ་བ་སྒང་།

རྩོམ་པ་པོ:ལྷོ་ཡི་བསིལ་ཟེར་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:988ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/27 9:52:55ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་བཞི་པའི་འགྲན་རྩོམ་བདམས་བཀོད།༡

༄༅།།ངོས་ཀྱི་ཕ་ས་ཚ་བ་སྒང་།

ཕྲན་ལྷོ་ཡི་བསིལ་ཟེར་ནས།།

ཚ་སྒང་སྤུན་ཟླའི་ཤེས་རིག་ཐང་ཆེན་ཡང་པོ་རུ།།
ཚ་བའི་སྨྱུག་ཐོག་རྟ་ཕོ་འགྲོས་ལྡན་ཕོ་རྒོད་ཚོའི།།
ཚ་ཕུར་རྣམ་གཡེང་སྒྲོག་གི་མ་ཅིང་ཧུར་རྩོན་གྱིས།།
ཚ་ཚ་འུ་འུར་རོལ་རྩེད་བགྱིད་ལ་བདག་ཡིད་གུས།།
ཆུ་བཞི་སྒང་དྲུག་ཡ་གྱལ་ས་བཟང་ཚ་བ་སྒང་།།
རྐང་བཞི་ནོར་གྱི་ཕྱུག་པས་ས་བཟང་ཚ་བ་སྒང་།།
བསྡུ་བཞི་ཆོས་ས་དར་བས་ས་བཟང་ཚ་བ་སྒང་།།
ཚ་བ་སྒང་འདིར་སྒང་པ་བོད་ཀྱི་གཅེས་ནོར་རེད།།
རྫ་རི་གངས་ཀྱི་རྒྱན་པས་ས་བཟང་ཚ་བ་སྒང་།།
སྤང་རི་མེ་ཏོག་བཀྲ་བས་ས་བཟང་ཚ་བ་སྒང་།།
ནགས་རི་གཡུ་ལོ་རྒྱས་པས་ས་བཟང་ཚ་བ་སྒང་།།
ཚ་བ་སྒང་འདིར་སྒང་པ་བོད་ཀྱི་གཅེས་ནོར་རེད།།
ཚ་སྟོད་འབྲོག་ས་ནོར་ལུག་རྟ་ཡིས་འཕེལ་ཁ་བཟང་།།
ཚ་སྐེད་ཚོང་ས་འཛམ་གླིང་མཁའ་གྲུ་འགྲུལ་བཞུད་བཟང་།།
ཚ་སྨད་ཞིང་ས་ལེགས་པས་འབྲུ་དྲུག་ཤིང་འབྲས་བཟང་།།
ཚ་བ་སྒང་འདིར་སྒང་པ་བོད་ཀྱི་གཅེས་ནོར་རེད།།
གྲོགས་པོ་ཤེས་རིག་བཀྲ་ལ་རྟག་ཏུ་བྲེལ་བས་རྩོན།།
གྲོགས་ཀྱི་སྦྱང་འབྲས་གཡུར་དུ་ཟ་བས་མ་འོང་པའི།།
གྲོགས་པོ་ཀུན་གྱིས་བཀུར་བར་འོས་པའི་མི་ཡི་མཆོག།
མང་པོ་ཐོན་པར་སྣང་བས་ཁོ་བོའི་ཡིད་སེམས་སྤྲོ།།
ཆོས་རྒྱུད་ལྔ་ཡི་ཆོས་ས་དར་བས་ཡུལ་མི་རྣམས།།
གཤིས་ཀ་འཇམ་ཤིང་རྒན་གཞོན་བར་མ་ཀུན་ལ་ཡང་།།
གཅིག་གིས་གཅིག་ལ་གུས་ཤིང་ཕན་ཚུན་བྱམས་པས་སྐྱོངས།།
རིགས་རུས་ལ་རྒྱ་ཆེ་ཞིང་ཡུལ་ཁམས་བདེ་ལ་གནས།།
རང་གི་ཕ་ས་རང་གིས་བསྟོད་ལ་མི་འཚམས་ཡང་།།
བདེན་དོན་བརྗོད་འདོད་བདེན་པའི་གཏམ་ཞིག་ངག་སྒོར་ཐོན།།
སེམས་ལྡན་ཀུན་གྱི་སེམས་ལ་བབ་མིན་ཅི་ལྟར་ཡང་།།
ལྷོ་ཡི་བསིལ་ཟེར་ལྷོ་མིན་ཧོར་གྱི་ཡུལ་ནས་སྤེལ།།
༢༠//༢༠༡༥ཉིན།།

·རྩོམ་ཡིག་གོང་མ:ཡུན་དུ་འགྲོག་དང་ངང་གིས་ཤེས་འོང་།
·རྩོམ་ཡིག་འོག་མ:སྙན་ངག་རིན་ཆེན་ཡིན།།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 20:59:52 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 2:30:45 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 12:50:14 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 39 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS