ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

སྙན་ངག་རིན་ཆེན་ཡིན།།

རྩོམ་པ་པོ:བཀྲིས་བགྲོ་གླིང་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1039ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/27 9:57:41ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་བཞི་པའི་འགྲན་རྩོམ་བདམས་བཀོད།༡

སྙན་ངག་རིན་ཆེན་ཡིན།།

བཀྲིས་བགྲོ་གླིང་གིས།

ཀ་ལ་པིང་ཀའི་མགྲིན་པ་འགུགས་པའི་དབྱངས།།
ཁ་བའི་མདངས་འཛིན་རིག་བྱེད་ངག་གི་ལྷས།།
ག་དར་པི་ཝང་རྡུང་བའི་རྗེས་འགྲོ་བ།།
ང་ཁྱོད་བདག་བཟུང་མེད་པ་སྙན་ངག་ཡིན།།
ཅ་དག་ཡིད་འོང་ཚིག་གི་དྭངས་མ་སྟེ།།
ཆ་ཙམ་ཐོས་པའི་རྣ་བའི་བཅུད་ལེན་པ།།
ཇ་དར་རིན་ཆེན་ནོར་གྱིས་མི་བསྒྲུན་པ།།
ཉ་གང་ཟླ་བའི་རྒྱན་མཛེས་སྙན་ངག་ཡིན།།
ཏ་ལའི་འཇིངས་ལྟར་མཐའ་མེད་རིག་པའི་གནས།།
ཐ་སྙད་ཚིག་གི་རྒྱན་ལ་མ་དྲངས་ན།།
ད་ལྟར་མཁས་པའི་གདན་སར་མི་སླེབས་པས།།
ན་ཆུང་གཞོན་ནུའི་བསླབ་བྱ་སྙན་ངག་ཡིན།།
པ་སངས་མདངས་འདྲའི་ལྷག་བསམ་ཟླ་མེད་པས།།
ཕ་མེས་རིག་གཞུང་གཙང་མའི་སྲོལ་བཟང་གི།།
བ་དན་དགུང་དུ་ཕྱར་བའི་དཔུང་བ་ལ།།
མ་བཅོས་སྙིང་གི་སྤོབས་པ་སྙན་ངག་ཡིན།།
ཙ་རིའི་ཡུལ་ལྗོངས་ཡོན་ཏན་འཁྲི་ཤིང་རྩེར།།
ཚ་ཟེར་ཅན་གྱིས་གསོས་པའི་པདྨ་བཞིན།།
ཛ་ཏིའི་བསུང་ཞིམ་འཐུལ་བའི་དགེ་མཚན་ཅན།།
ཝ་ལེར་རིག་པའི་མེ་ཏོག་སྙན་ངག་ཡིན།།
ཞྭ་ལྟར་མཁས་པའི་གཙུག་རྒྱན་དབྱུག་པ་ཅན།།
ཟ་མ་ཏོག་ཏུ་བཀོད་པའི་མེ་ལོང་མ།།
འ་ཅག་ཕྱི་རབས་རྣམས་ལ་གཅེས་པའི་ནོར།།
ཡ་རབ་དམ་པའི་བསླབ་བྱ་སྙན་ངག་ཡིན།།
ར་བ་གངས་རིའི་ལྗོངས་ནི་རིག་པའི་གཏེར།།
ལ་རྒྱ་བསླབ་བྱའི་ནང་ནས་མཆོག་གྱུར་པ།།
ཤ་སྟག་ཡོན་ཏན་ནོར་བུའི་ཕུང་པོ་ལས།།
ས་སྟེང་རིན་ཆེན་རྒྱན་མཆོག་སྙན་ངག་ཡིན།།
ཧ་ཅང་འབད་པ་བརྒྱ་ཡིས་བསྒྲུབ་འོས་པ།།
ཨཱ་དར་ཤ་ཡི་གཞུང་ལུགས་གཙང་མའི་སྲོལ།།
ཨ་མ་དབྱངས་ཀྱི་རྒྱལ་མོའི་རིག་པའི་འགྲོས།།
ཨ་ཧོ་སྲིད་ཞིའི་ཁྱད་ནོར་སྙན་ངག་ཡིན།།

·རྩོམ་ཡིག་གོང་མ:ངོས་ཀྱི་ཕ་ས་ཚ་བ་སྒང་།
·རྩོམ་ཡིག་འོག་མ:མགོ་རིལ་ཚོ་ལ་དྲི་བ་འགའ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 12:36:15 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 16:22:56 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 0:49:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS