ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

མགོ་རིལ་ཚོ་ལ་དྲི་བ་འགའ།

  རྩོམ་པ་པོ:རིགས་འཚོབ་པ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:920ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/30 13:24:58ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་བཞི་པའི་འགྲན་རྩོམ་བདམས་བཀོད།༢

 

མགོ་རིལ་ཚོ་ལ་དྲི་བ་འགའ།



           
རིགས་འཚོབ་པ།


གོ་བོ་ཏ་མའི་ཕ་ཆོས་གསེར་ནག་གི་རལ་གྲིས།།
བདག་འཛིན་འགོང་པོའི་མགོ་བོ་ཚལ་པ་རུཤག་སྟེ།།
ཆོས་ཀུན་སྒྱུ་མར་སྣང་བའི་ངེས་ཤེས་ཤིག་རྙེད་ན།།
ད་གཟོད་འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་སོན་འགྲོ།།
འཁོར་བར་རྒྱབ་ཏུ་ཕྱོགས་པའི་དཔའ་གདེང་ཞིག་མེད་ཕྱིན།།
བཟོད་དཀའི་ངན་འགྲོ་གཡང་ལ་གཟུར་ཐབས་ཤིག་མེད་པས།།
ངུར་སྨིག་ལུས་ལ་བགོ་བའི་མགོ་རིལ་ཚོའི་སེམས་ལ།།
ཆོས་བརྒྱད་ཡལ་བར་འདོར་བའི་སྤོབས་པ་ཞིག་མཆིས་སམ།།
སྡོམ་དང་ཚུལ་ཁྲིམས་ཟེར་བ་སེམས་ནང་ལ་ཡོད་ན།།
གོས་དང་རྩིག་པས་གཡོལ་བ་ཁྲེལ་དགོད་ཀྱི་གཞི་མ།།
འདོད་སྲེད་ལྷུན་པོ་ཙམ་ཞིག་སེམས་ཁོང་དུ་སྦས་ཏེ།།
ཁ་ཙམ་ངེས་འབྱུང་ཟེར་བའི་ཚིག་སྐམ་དེ་མཛའ་འམ།།
བྱམས་དང་སྙིང་རྗེ་དབེན་པའི་སྤྱང་ཀི་ཡི་ཤམ་ཐབ།།
གཡོ་སྒྱུ་ནོར་ལ་འཇབ་པའི་རྐུན་བུ་ཡི་ངང་ཚུལ།།
ཟ་འོག་རྩིག་པའི་གདན་ལ་དུག་སྦྲུལ་བཞིན་འགྱིང་སྟེ།།
བརྒྱ་ཁྲོམ་དབང་བསྐུར་བྱེད་འདི་ཁྲེལ་ཡོད་ཅིག་ཡིན་ནམ།།
བཀའ་པོད་གཙུག་ལག་གནས་ལ་ཐོས་བསམ་ནི་མི་བྱེད།།
གཏོ་ཟློག་རིམ་འགྲོའི་ཡོན་ལ་འགྲམ་ཆུ་ནི་ལྡང་བ།།
དཀོར་ནག་ཟས་ལ་དང་ག་ཆེ་ལུགས་ལ་བལྟས་ན།།
ངན་འགྲོ་ཡི་དྭགས་གནས་ལ་འགྲོ་འདོད་ཅིག་མེད་དམ།།
ཤ་ཁྲག་ཟས་ལ་རྔམ་པའི་གཅན་གཟན་དང་འདྲ་བོ།།
ཤི་བོ་བེམ་རོའི་སྔས་མགོར་ཕཊ་སྒྲ་རེ་སྒྲོག་ཏེ།།
ཚེ་གང་གསོག་སྲུང་བྱས་པའི་རྒྱུ་ནོར་དང་ཡོ་བྱད།།
ཧབ་ཐོབ་བྱེད་པ་འདི་ཡང་གཟི་བརྗིད་ཅིག་སྣང་ངམ།།
བསླབ་པ་གསུམ་གྱི་ཡོན་ཏན་རྩིས་ཆུང་དུ་བྱེད་དེ།།
འབུད་བརྡུང་དཀྲོལ་གསུམ་ཟབ་མོ་ཆོས་ལ་ནི་རློམ་སྟེ།།
རང་རྒྱུད་མ་བཏུལ་ནེ་ཙོས་ཆོས་འདོན་གྱི་ཚུལ་ལ།།
ཐར་པ་འཐོབ་འོང་སྙམ་པའི་རེ་དོགས་དེ་དགོས་སམ།།
ཁ་ལས་སེམས་ཅན་ཟེར་ཏེ་མ་ཎི་བཞིན་ཟློ་མོད།།
ཁོག་ལ་རང་དོན་འབའ་ཞིག་གཉེར་ལུཊ་ལ་སོམས་དང་།།
ཁ་ཁོག་ཡ་བྲལ་སོང་བའི་དེང་དུས་ཀྱི་ཆོས་གཟུགས།།
མིག་ལ་གྲ་མ་ནང་བཞིན་གཟན་པ་ལས་ཅི་ཡོད།།
དམ་ཆོས་བདུད་རྩིའི་གྲུ་ཆར་སྐྱོན་ཡོད་ཅིག་མིན་རུང་།།
གདོས་བཅས་ཤ་གཟུགས་ཞིང་ས་སྐྱོན་ཅན་དུ་སྣང་བས།།
སྨིན་གྲོལ་བདེ་ཆེན་མྱུ་གུ་འབུས་མིན་ལ་དོགས་ནས།།
བན་གཟུགས་ཅན་ལ་བཏོན་པའི་དྲི་བ་འདི་ཐལ་ལོ།། །།

·རྩོམ་ཡིག་གོང་མ:སྙན་ངག་རིན་ཆེན་ཡིན།།
·རྩོམ་ཡིག་འོག་མ:བོད་པའི་རྒྱན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 4:26:50 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 15:47:38 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/12 18:03:54 [来自: 112.5.243.142]

འབྲེལ་ཡོད་དཔྱད་བརྗོད 38 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS