ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
རྩོམ་ཡིག་ཀློག་པ།

བོད་པའི་རྒྱན།

རྩོམ་པ་པོ:རྡེའུ་དཀར་པོས།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:873ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/1/30 13:26:22ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་བཞི་པའི་འགྲན་རྩོམ་བདམས་བཀོད།༢

བོད་པའི་རྒྱན།

---གླུ་པ་ཤེར་བསྟན།

རྡེའུ་དཀར་པོས།

སྟོན་པའི་ལུང་གིས་ཟིན་མིན་མ་ཤེས་ལ། །
ལྷ་ཡིས་ལུང་དུ་བསྟན་པ་མ་དཔོག་ཀྱང་། །
གཉན་པོ་གཡུ་རྩེའི་འདབ་ཀྱི་ཕ་ས་ན། །
ངག་ལྷ་མགྲིན་པར་མ་ལྷོད་འཁྱུད་པ་ཅན། །
ངེས་དོན་གླུ་པ་ཁྱེད་ལ་ཤིས་པ་ཕུལ། །
ཨ་མར་ལྟས་བཟང་བྱུང་དང་འཁྲུངས་དུས་སུ། །
མེ་ཏོག་ཤར་དང་འབྲུག་སྒྲ་གྲགས་པ་སོགས། །
གང་ཡང་མ་ཐོས་ཅིར་ཡང་མ་མཐོང་ཡང་། །
སོ་སྐྱེ་ཕལ་ལས་འདས་པའི་མཚན་དཔེ་ཅན། །
ངེས་པ་དོན་གྱིས་ཁྱེད་ལ་བསྟོད་པ་ཕུལ། །
ེཁྱེད་ཀྱི་གླུ་ངག་རེ་རེའི་ཀློང་ན་མི་རིགས་ཤིག་གི་བདེ་སྡུག་ཡོད། །
ཁྱེད་ཀྱི་གླུ་ཚིག་རེ་རེའི་ཁྲོད་ན་མི་རིགས་ཤིག་གི་རེ་བ་ཡོད། །
ཁྱེད་ཀྱི་དབྱངས་རྟ་རེ་རེའི་ཕག་ན་མི་རིགས་ཤིག་གི་དར་རྒུད་ཡོད། །
ཁྱེད་ཀྱིས་བསྣམས་བའི་སྒྲ་སྙན་ཁོག་ལ་མི་རིགས་ཤིག་གི་གསང་བ་ཡོད། །
ཁྱེད་ཀྱིས་རྡུང་བའི་རྒྱུད་དྲུག་སྐུད་པར་མི་རིགས་ཤིག་གི་བླ་སྲོག་ཡོད། །
ཁྱེད་ཀྱི་དགྱེས་ཞལ་འཛུམ་པའི་ཉམས་ལ་དགའ་བ་འབུམ་གྱི་གཏེར་ཁ་ཡོད། །
ཁྱེད་ཀྱི་སྐད་ངག་དྲོན་མོའི་གསུང་ལ་ཕ་སྐད་དྭངས་མའི་ཕབ་རྒྱུན་ཡོད། །
ཁྱེད་ཀྱི་སྐུ་ལུས་དགྲ་ལྷའི་ཆས་ལ་ཕོ་རྩལ་སྣ་དགུའི་རྒྱན་ཆ་ཡོད། །
སྐབས་རེ་མཐོ་བ་གངས་དཀར་རྩེ་ལ་སེང་གེ་བཞིན་དུ་འགྱིང་ནས་ལེན། །
རེ་འགའ་དམའ་བ་རྒྱ་མཚོའི་མཐའ་ནས་ཉ་མོ་བཞིན་དུ་འཁྱུག་ནས་ལེན། །
མཚམས་རེ་བར་གྱི་རྒྱ་རྫོང་ནགས་སུ་སྟག་མོ་བཞིན་དུ་ངར་ནས་ལེན། །
ལན་རེ་རྒྱ་གྲོང་ཁྲོམ་པའི་དབུས་སུ་ཕྲུ་གུ་བཞིན་དུ་རྩེད་ནས་ལེན། །
ངོ་ཆེན་དཔོན་ལ་ངོས་དགའ་མེད་པ་དྲང་པོ་མདའ་བཞིན་ཁྱེད་ཀྱིས་ལེན། །
ཉམ་ཆུང་འབངས་ལ་ཉེ་རིང་མེད་པ་ཐམས་ཅད་མགུ་བ་ཁྱེད་ཀྱིས་ལེན། །
རང་གཞན་ཆོས་ལུགས་གྲུབ་མཐའ་དབར་ལ་ཕོག་ཐུག་མེད་པ་ཁྱེད་ཀྱིས་ལེན། །
ཁྱེད་ཀྱི་དྲུག་འགྱུར་དབྱངས་ཀྱི་སྙན་པ་གླིང་ལྔ་མཚོ་བཞིར་ཁྱབ་པར་ཤོག །
ཁྱེད་ཀྱིས་མ་ལེན་འགའ་ཡང་མེད། །ལེན་ཚད་མི་སྙན་འགའ་ཡང་མེད། །
སྙན་ཚད་དུས་ལས་འདའ་རྒྱུ་མེད། །འདའ་རྒྱུ་མེད་འདི་ཁྱེད་ཀྱི་འོ། །
ཡེ་ལོ༢༠༡༥ལོའི་ཟླ་བ་དང་པོའི་ཚེས་ལ།

·རྩོམ་ཡིག་གོང་མ:མགོ་རིལ་ཚོ་ལ་དྲི་བ་འགའ།
·རྩོམ་ཡིག་འོག་མ:སྡེ་པ་ཞིག་གི་དགུན་ཁ་འདི་་་་་་་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 17:44:17 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:38:05 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 9:55:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS