ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

ཚ་སྒང་གྲོགས་གླིང་གི་ཁ་བྱང་གཅིག་པའི་འགྲན་རྩོམ།

  རྩོམ་པ་པོ:རྨ་ཁ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1019ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/2/14 11:37:52ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་ཚང་གི་ཐེངས་ལྔ་པའི་རྩོམ་ཡིག་འགྲན་བསྡུར་སྐབས་ཀྱི་འགྲན་རྩོམ་བདམས་བཀོད།༡

ཁ་བྱང་གཅིག་པའི་རྩོམ།  ༼ཁྱོད་དྲན་པའི་ངང་ཚུལ།༽

 

ཁྱོད་དྲན་པའི་ངང་ཚུལ།


རྨ་ཁ།


གཤིས་འཇམ་པོ་དར་དཀར་ཤམ་བུ་ལ།
བཞིན་འཛུམ་པ་ཁྲི་གདུགས་རང་ཤར་རེད།
ངག་སྙན་མིན་བཙོག་མིན་ལྷོད་ཆ་ཅན།
དུས་དེང་སང་གནས་སྟངས་ཅི་ཞིག་ཡོད།
དྲིན་ཆེ་བའི་མ་ལོ་ཚེ་མཐར་བསྐྱལ།
ཉམ་ཐག་པའི་སྲིང་ཆུང་མདུན་ལམ་བརྩལ།
གཞིས་དྲོན་མོ་སྐྱུར་ནས་ཆས་ལུགས་དེས།
ངའི་སེམས་ལ་སུབ་མེད་ཤུལ་རྗེས་ཤིག
ཁྱོད་འགྲོ་དུས་སྐྱེལ་དང་བསུ་བ་མེད།
ཁྱོད་ཐོན་དུས་ཐོབ་དང་མཚན་སྙན་མེད།
སེམས་མཐུན་པ་བརྒྱ་ཡི་སོ་དཀར་དང་།
ཞེ་སྡང་བ་སྟོང་གི་ཁྲེལ་དགོད་ཐལ།
ཁྱོད་སོང་བའི་ཤུལ་རྗེས་རེ་རེ་ནས།
ཁྱོས་བཤད་པའི་སྐད་ཆ་རེ་རེ་དང་།
ཁྱོས་མྱངས་བའི་དཀའ་སྡུག་རེ་རེ་ནི།
མིག་མཆི་མའི་སྔུན་ན་ལམ་ལམ་འཆར།
མིག་འབུར་ཚུགས་དཔེ་ཆར་ཅེར་ཅེར་ནས།
མགོ་རིལ་རིལ་ཅུང་ཟད་གཡས་གུག་སྟེ།
ལག་མཛུབ་མོ་ཁ་རུ་ཀེར་བ་དེ།
དོན་ཞིག་ལ་བསམ་བློ་གཏོང་སྟངས་རེད།
ཁྱོད་འཛུམ་ཚེ་ཁ་ཡི་གཡས་གཡོན་དུ།
ཤ་ཀོང་ཀོང་ཞིག་ལ་རིམ་པ་གཉིས།
དུས་རྒྱུན་དུ་བྱིས་པའི་སྤྱོད་ལམ་སྟོན།
ཡུན་མཉམ་དུ་བགྲོད་པ་ཐུང་ཐུང་མིན།
སྤང་ན་གཤོང་མེ་ཏོག་ཁྲ་ཆིལ་བཞད།
ཤིང་ལྕང་མའི་སྐྲ་ལོ་ལྡེམ་ལྡེམ་དུས།
ཁྱོད་དྲན་བྱུང་ལབ་ན་ཅི་ཕན་དེ།
ས་ག་སར་འཆམ་པ་དབང་མེད་དྲན།
ཁ་གདངས་ཚད་ལྟ་ལོག་གཏེ་བོ་དང་།
ལག་ཕྱར་ཚད་བསྟན་དགྲར་བརྩི་བའི་དུས།
ཁྱོད་གཅིག་པུར་མི་ཁ་འཁོར་བ་མིན།
འདི་ཀུན་ལ་དར་བའི་ལས་ཤིག་སྙམ།
བློ་ཀླད་པ་ཤ་རྙིང་རུས་རྙིང་པའི།
ཁྲི་ཐོབ་ཐང་ཅན་གྱི་ཆེན་པོ་ཚོས།
ལམ་ལུགས་གསར་ཐན་དུ་གཟིགས་པའི་དུས།
ཁྱོའི་ཕུག་རྒྱང་རིང་དེ་དྲན་པས་དགའ།
མིག་ཡ་གཅིག་ཞར་བའི་རྟོག་སད་འགའ།
བུ་ཚ་བོ་ཞང་བདུད་བབ་པའི་དུས།
ཕ་མེས་པོའི་བསམ་བློ་སྲོལ་རྒྱུན་ལ།
ཞེ་གཏིང་ནས་དཀར་ཚུལ་དྲན་ན་སྐྱིད།
ཤེས་ཡོན་ཏན་ཅན་ལ་ཕྲག་དོག་མང་།
ཉམ་འཁོས་ཞན་ཅན་ལ་བརྙས་བཅོས་མང་།
ངའི་ཕ་ཡུལ་ལྷ་ཡི་ས་ཆ་ན།
གྲོགས་ལྷ་འདྲ་འདུག་སྐལ་མི་འདུག་ལོ།
ལས་རྒྱུ་འབྲས་བློ་མིག་དྲང་པོ་འགས།
གྲོགས་ཁྱེད་རང་དཀར་འདོན་བྱེད་བཞིན་འདུག
ངེད་ཐོད་པའི་རི་མོ་མ་འཁྱུག་ན།
ཞལ་འཛོམས་ཡོང་བསམ་ནས་སྒུག་བཞིན་མཆིས།

2015/02/10 བོད་ཟླ་༡༢ཚེས་༢༡ཉིན་མོར་རང་ཁྱིམ་ནས།

·རྩོམ་ཡིག་གོང་མ:གྲགས་ཅན་གསུང་ཚིག༥༠
·རྩོམ་ཡིག་འོག་མ:ཁྱེད་དྲན་པའི་ངང་ཚུལ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
མིག་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS