ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

ཁྱེད་དྲན་པའི་ངང་ཚུལ།

  རྩོམ་པ་པོ:ཚ་བའི་དྭངས་གཙང་།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:942ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/2/14 11:47:57ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་ལྔ་པའི་འགྲན་རྩོམ་བདམས་བཀོད།༡

ཁ་བྱང་གཅིག་པའི་རྩོམ།  ༼ཁྱོད་དྲན་པའི་ངང་ཚུལ།༽

༄༅། ། ཁྱེད་དྲན་པའི་ངང་ཚུལ།
           
      ཚ་བའི་དྭངས་གཙང་།

འདས་པའི་བགྲང་བྱ་འགའ་ལ་ཕྱིར་དྲན་ཞིག་བྱས་ཏེ།།
ད་ལྟའི་གནས་བབས་འདི་ལ་བསམ་བློ་ཡིས་གཞིག་ཚེ།།
མ་འོངས་འགོག་མེད་རང་གར་སྤྱོད་པ་ཡི་དུས་སུ།།
རེ་བའི་མགོན་ཁྱེད་དགྱེས་ཞལ་མཇལ་ན་རང་སྙམ་བྱུང་།།

ཆབ་དཔལ་རིག་གསུམ་འཛོམས་པའི་སྔོན་ཐོན་ཞིག་མིན་ཡང་།།
ཚན་རྩལ་འཕྲུལ་ཆས་དར་བའི་འབྱོར་ལྡན་འདྲ་མིན་རུང་།།
ལྷན་འཛོམས་བདེ་སྐྱིད་ལྡན་པའི་སྐལ་བཟང་གི་དུས་ཤིག །
ཁོ་བོས་དམར་ཆུང་སྙིང་གི་གཏིང་རུམ་ན་བརྐོས་ཡོད།།

མགོན་ཁྱེད་དྲན་པའི་སྙིང་གི་གསང་བ་དེ་དམ་པོ།།
ང་ཡི་སེམས་ལ་གནས་པའི་དད་འདུན་འདི་གཙང་མ།།
གཞན་དབང་འཇིག་རྟེན་འདི་ནས་ཞིབ་ཏུ་རེ་བསམ་ན།།
སྙིང་ནས་མགོན་ཁྱེད་དྲན་པའི་ངང་ཚུལ་རང་ཡིན་འདུག།

བརྙན་ལས་མཇལ་བའི་དགྱེས་པའི་བཞད་སྒྲ་དེ་སྙན་མོ།།
བདག་གིས་ཡ་ཆུང་སེམས་ཀྱི་གཏིང་ནས་རང་དྲན་ན།།
ཉ་གང་ཟླ་བའི་འོད་ལས་འཛུམ་པ་ཡི་དགྱེས་ཞལ།།
ཉམ་ཆུང་བུ་ལོའི་དཔྲལ་བའི་མིག་ནང་ལ་འཆར་ཡོང་།།

རིས་མེད་བྱམས་བརྩེ་དྲོན་མོར་ཉམས་པ་ཞིག་མེད་ན།།
བཅོས་མིན་དད་འདུན་གཙང་མར་འགྱུར་བ་རེ་མི་སྲིད།།
མི་རིགས་ཤིག་གི་བདེ་སྡུག་ལེགས་ཉེས་ཀྱི་མཚམས་ནས།།
སྐྱིད་རུང་སྡུག་རུང་བློ་ཡིས་ཁེན་ས་དེ་ཁྱེད་ཡིན།།

རེ་ཞིག་བྲལ་བ་སྔོན་གྱི་ལས་དབང་ཞིག་ཡིན་ཡང་།།
ནམ་ཞིག་ལྷན་དུ་འཛོམས་པའི་ཞལ་བཞེས་ཤིག་ཡོད་ཀྱང་།།
མགོན་ཁྱེད་བྷོ་ཊའི་ལྗོངས་ནས་ཕེབས་དགོས་ཤིག་བྱུང་བར།།
དྲན་པས་འདྲེན་བྱེད་ཟུང་ལས་མཆི་མ་ཞིག་བཞུར་བྱུང་།།

གཞན་ལྟོས་རླུང་དམར་ལྡང་བའི་བསིལ་ལྡན་གྱི་ལྗོངས་ནས།།
ཤེད་འཁྱེར་མེ་ལྕེ་མཆེད་སའི་ཆོལ་གསུམ་གྱི་ཡུལ་ནས།།
ཤི་མ་གསོན་གྱི་འཚོ་བ་རོལ་དགོས་ཤིག་བྱུང་ཡང་།།
སྐྱབས་གཅིག་ཁྱེད་དང་མཇལ་བའི་སྐལ་བཟང་ལ་སྒུག་ཆོག །
ཞེས་པ་འདི་ཡང་ཚ་སྒང་གྲོགས་གླིང་ཚོམས་ཆུང་ནས་ཐེངས་ལྔ་པའི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་བསྡུར་སྐབས་སུ་བོད་རྒྱལ་ལོ། ༢༡༤༡ -༡༢ -༢༡ དང་སྤྱི་ལོ། ༢༠༡༥-༢-༡༠ ཉིན་བྲིས་པའོ།

·རྩོམ་ཡིག་གོང་མ:ཚ་སྒང་གྲོགས་གླིང་གི་ཁ་བྱང་གཅིག་པའི་འགྲན་རྩོམ།
·རྩོམ་ཡིག་འོག་མ:ཚ་སྒང་གྲོགས་གླིང་གི་ཁ་བྱང་གཅིག་པའི་འགྲན་རྩོམ།༡
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:usfobirufri
t5byjY  <a href="http://lhjicnkziyjb.com/">lhjicnkziyjb</a>, [url=http://afzompypuarp.com/]afzompypuarp[/url], [link=http://clijwygrpjgf.com/]clijwygrpjgf[/link], http://atmqlspuhftk.com/
发表时间:2017/5/20 21:32:44 [来自: 46.161.9.48]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS