ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

ཚ་སྒང་གྲོགས་གླིང་གི་ཁ་བྱང་གཅིག་པའི་འགྲན་རྩོམ།༡

  རྩོམ་པ་པོ:ཚ་བའི་འུར་རྡོས།ཡོང་ཁུངས:ཚངས་དབྱངས་དྲ་བ།གཟིགས་གྲངས:942ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/2/14 11:55:15ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་ལྔ་པའི་འགྲན་རྩོམ་བདམས་བཀོད།༡

ཁ་བྱང་གཅིག་པའི་རྩོམ།  ༼ཁྱོད་དྲན་པའི་ངང་ཚུལ།༽

ཁྱོད་དྲན་པའི་ངང་ཚུལ།
 
ཚ་བའི་འུར་རྡོས། 
 

ཨ་ཇོ་ལགས་ཁྱེད་རང་དྲན་གི 
འཁྱག་སིབ་སིབ་ཀྱི་མྱོང་ཚོར་ཞིག་དང་།
གསལ་ལྷང་ལྷང་གི་འོད་མདངས་ཤིག་གིས་གློ་བུར་དུ་རྨི་ལམ་གྱི་ཞིང་ཁམས་ནས་བྲལ་ཏེ་
སྡུག་གེ་བ་མལ་སའི་གནས་ལ་འཕོས་སོང་། 
མགོ་བོ་དགྱེ་ནས་བལྟས་ཚེ། 
དྲལ་ལྕམ་བར་ནས་ལྡང་བའི་
རླུང་བུའི་ཤུར་སྒྲ་ལྡིར་ཞིང་།
ཆུ་ཕྲན་སྔོན་མོའི་ལྷུང་ལྷུང་གི
གླུ་དབྱངས་དེ་ཐོས་པས།
མཆི་མའི་ཐིགས་པ་རེ་རེ་མཁུར་
ཚོས་ནས་དྲངས་སོང་།
གནས་ཡུལ་གྱི་མནར་སྡུག་
ལྕི་མོ་ཞིག་འཁུར་བཞིན།
སྐྱ་ཐེར་ཐེར་གྱི་རི་སྒང་དེར་རྩེ་ནས་
འབྱེད་འཛུམ་མེད་པར་མིག་ཟུང་རྒྱང་རིང་ལ་གཏད། ཨ་ཇོ་ལགས།  
དུས་ནམ་ཡང་སེམས་པའི་འཁོར་ཕྱོགས། 
བསམ་པའི་འདུན་པ། 
ཕྱི་མའི་ལམ་སྟོན།
མདོར་ན་ཡོད་ཚད་ན་ཡོད་ཚད།
ཁྱེད་ཡིན་ལ། 
བཞུར་བཞུར་ཆུ་མོ་ཡི་རྗེས་ན།   
ཁྱེད་ཀྱི་ཞལ་རིས་འབྲི་ཞིང་
ཁྱེད་ཀྱི་རུས་མིང་ཀློག་བཞིན།  
ཤར་ལྷོའི་མཚམས་ན་སྒུག་ཡོད།   
དཔྱིད་ཀྱི་རྒྱལ་མོས་མོན་ནས་ཕེབས་ཏེ་སྙན་འཇེབས་གསུང་དབྱངས་སྒྲོག་པས། 
ངའི་བློའི་ངོར་དུ་འཇིག་རྟེན་ཧྲིལ་པོར་ཡང་བསྐྱར་དྲན་གདུང་གི་མེ་ཏོག་བཞད།  
ངས་ཁྱེད་ལ་བྲིས་པའི་སྙན་ངག་གི་
ཤོག་བསྒྲིལ་རེ་རེ།  
རེ་སྒུག་གི་མེ་ལྕེ་ཁྲོད་དུ་སྲེག་ཐལ་དུ་
འགྱུར་ཉེན་ཆེ་བས།  
ཨ་ཇོ་ལགས།  
ཁྱེད་ད་དུང་མི་ཕེབས་པའི་རྒྱུ་མཚན་ཅི།  
ཁྱེད་ཀྱི་མིག་མདུན་དུ་ལྷུང་བཞིན་པའི་ཁ་བའི་འདབ་མ་རེ་རེ། ངའི་མིག་ཆུ་ཡིན་ཡ།   
སེམས་པ་འདིས་ནམ་རྒྱུན་འཇམ་ཅག་གེར་
དྲན་སྣང་ཞིག་བསྲུངས་ནས་
ཁྱེད་ཀྱི་གོམ་སྒྲར་སྒུག་ཡོད། 
ང་དང་གཞིས་ལུས་ཨ་མའི་སྐྱོ་གདུང་སོམས་ལ།  

ཁྱེད་རང་ལ་མོར་ཕེབས་ཤོག

·རྩོམ་ཡིག་གོང་མ:ཁྱེད་དྲན་པའི་ངང་ཚུལ།
·རྩོམ་ཡིག་འོག་མ:ཚ་སྒང་གྲོགས་གླིང་གི་ཁ་བྱང་གཅིག་པའི་་འགྲན་རྩོམ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
མིག་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS