ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

ཚ་སྒང་གྲོགས་གླིང་གི་ཁ་བྱང་གཅིག་པའི་་འགྲན་རྩོམ།

  རྩོམ་པ་པོ:རླབས་ཕྲན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1101ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/2/14 12:03:41ཚོགས་ཡར་སྤྲོད:admin

ཚ་སྒང་གྲོགས་གླིང་གི་ཐེངས་ལྔ་པའི་འགྲན་རྩོམ་བདམས་བཀོད།༡

ཁ་བྱང་གཅིག་པའི་རྩོམ།  ༼ཁྱོད་དྲན་པའི་ངང་ཚུལ།༽

ཁྱོད་དྲན་པའི་ངང་ཚུལ།


མི་ལོ་ཉེར་དྲུག་ཡར་སྔོན་ལ།།
ས་ཡ་དྲུག་གི་མིག་རྡོག་གཅིག །
དུས་མིན་ཐང་ལ་ལྷུང་བ་ཡིས།།
དེའི་ཉིན་བོད་ཁམས་མུན་ནག་ཡིན།།

གྱ་དགུ་ལོ་ཡི་ཉི་ནག་ཉིན།།
བོད་མི་སྤྱི་ཡི་སྙིང་རྡོག་གཅིག །
འཕར་མཚམས་བཞག་ཚུལ་བསྟན་པ་ཡིས།།
དེའི་ཉིན་བོད་ཁམས་བེམ་པོ་ཡིན།།

ཁྱོད་ཉིད་ཕེབས་པའི་རྗེས་ཤུལ་ལ།།
སྲིན་བྱའི་ཧབ་ཆ་ཇེ་རྒོད་རེད།།
ཝ་མོའི་གཡོ་བྲོ་ཇེ་བདེ་རེད།།
སྤྱང་ཀིའི་ངུ་ཁ་ཇེ་ཚ་རེད།།

ཁྱོད་ཉིད་ཕེབས་པའི་རྗེས་ཤུལ་ལ།།
ཀ་ཁའི་གདང་དབྱངས་ཇེ་ཉམ་རེད།།
སྦྲག་སྐད་ཁ་ལས་ཇེ་དར་རེད།།
ཕུ་ནུའི་ཁ་ཤེད་ཇེ་ཆུང་རེད།།

ཁྱོད་ཉིད་དྲན་གདུང་ངང་ཚུལ་དེ།།
ལྟོག་དུས་ཟས་དང་སྐོམ་དུས་ཆུ།།
མོ་གཤམ་བུ་དང་ན་བར་སྨན།།
དྲན་པ་དེ་དག་དྲན་པ་ཙམ།།

གཞོན་ནུ་དུས་སྟབས་མ་འཕྲད་དང་།།
བ་མོར་བེ་འུ་སྟོར་བ་དང་།།
ཉ་མོ་ཐང་སྐམ་ལྷུང་བ་སོགས།།
གདུང་བ་དེ་དག་གདུང་བ་ཙམ།།

དེ་སྐད་རྗེ་ལ་རྗེས་དྲན་འདི།།
དྲ་མིང་ཐ་ཤལ་རླབས་ཕྲན་གྱིས།།
རྒྱ་ཡུལ་ཁྲིན་ཏུའི་གྲོང་ཁྱེར་ནས།།

བོད་ཡུལ་བུ་ལ་ཤོར་བ་འོ།།

                           རླབས་ཕྲན་གྱིས།༡༥–༡–༢༨ཉིན།

·རྩོམ་ཡིག་གོང་མ:ཚ་སྒང་གྲོགས་གླིང་གི་ཁ་བྱང་གཅིག་པའི་འགྲན་རྩོམ།༡
·རྩོམ་ཡིག་འོག་མ:ཁྱེད་དྲན་པའི་ངང་ཚུལ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
མིག་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS