ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

དམངས་གཞས། ལྷ་སའི་བར་སྐོར་གླིང་ནས།

རྩོམ་པ་པོ:མང་རའི་རབ་གསལ།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:3063ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/9/7 15:39:20ཚོགས་ཡར་སྤྲོད:admin

ལྷ་སའི་བར་སྐོར་གླིང་ནས།

མང་རའི་རབ་གསལ།

ལྷ་སའི་བར་སྐོར་གླིང་ན།།

མཇལ་བ་ཁྲི་གཤར་སྟོང་འདུས།།

སྙིང་སྡུག་གངས་དཀར་མཚོ་མོ།།

དབུས་ལམ་གང་ནས་བོར་སོང་།།

རིན་ཆེན་མཚོ་མོའི་གླིང་ན།།

གཡུ་དང་བྱུ་རུའི་སྡོང་བོ།།

གཤོག་དྲུག་གསེར་གྱི་ཉ་མོས།།

མགྲིན་པར་འདོག་འདོད་མ་བྱུང་།།

གཡུ་ཡི་ཞིང་བཀོད་འདི་ན།།

གནག་ཕྱུགས་ཐང་མར་བརྡལ་ཡང་།།

རྟ་ཕོ་རྐྱང་རྒོད་ཡེར་བ།།

གར་སོང་སུས་ཀྱང་མ་ཤེས།།

མི་ལ་ཡོད་པ་སེམས་ཡིན།།

སེམས་ལ་དགོས་པ་ཁྲེལ་ཡིན།།

ཁྲེལ་དང་ཕྱི་ཐག་ཡོད་ན།།

གནམ་ས་ཁ་ལོ་བསྒྱུར་ཆོག །

ང་བཟང་ཁྱོད་བཟང་ཙམ་གྱིས།།

དོན་གྱི་ངོ་མ་མི་ཤེས།།

ང་སྐྱིད་ཁྱོད་སྐྱིད་བྱུང་ན།།

གཞོན་ནུའི་འཇིག་རྟེན་དེ་ཡིན།།

སེམས་ཀྱི་བདེ་བ་ཟེར་བ།།

ཕྱུག་པོའི་ཁྱིམ་ན་མི་འདུག །

དཔའ་བོའི་སྙིང་ན་མི་འདུག །

བར་སྐོར་སྤྲང་བོའི་རྣོ་སྦྲེང་།།

དང་པོ་འཛུམ་གྱིས་བསུས་ཀྱང་།།

འགྲོགས་ནས་བར་ཐག་བཀྱེད་པས།།

རང་ལ་རང་སེམས་འདི་ལས།།

ཡིད་རྟོན་བྱེད་ས་མི་འདུག །

གངས་རིའི་གངས་དཀར་མཚོ་མོ།།

རི་ཆུ་སྟོང་གི་ཕར་ཕྱོགས།།

ཆུ་བཞི་སྒང་དྲུག་ཚང་ལ།།

གྱེས་བྲལ་ཕམ་ཁ་བྱུང་ཡོད།།

ཚེར་མའི་མེ་ཏོག་ཞིམ་པོ།།

ཐེངས་གསུམ་ཡིད་ཀྱིས་བཏོག་ནས།།

ནམ་མཁའི་སྤྲིན་ལ་བསྐུར་ཡང་།།

ཞལ་མཇལ་ཐོབ་རྒྱུ་མ་བྱུང་།།

ཨ་ཅག་སེར་ཆེན་གཡང་འཛོམས།།

དུངས་པའི་ཟུར་མདའ་མ་གཏོང་།།

བུ་ཆུང་ཕུན་ཚོགས་དབང་རྒྱལ།།

སྐྱིད་པོ་གཉིད་ལ་རོལ་ཆོག །

ལྷ་སའི་གླིང་གི་དམུ་རྒོད།།

དཔུང་རྗེན་པོ་ཏ་ལ་རི།།

རྭ་སྟག་འུར་རྡོ་ལྟ་བུའི།།

འུར་ལོག་བྱེད་པ་མ་གནང་།།

གཞོན་སེམས་རྡོ་བརྐོས་རི་མོ།།

རྒན་ཡིད་དར་གྱི་མདུད་པ།།

རིགས་ཞེན་མེ་ལྕེ་དམར་པོ།།

བདག་གི་མེས་པོ་སྲོང་བཙན།།

བར་ཐག་རི་ཆུའི་བཅད་ཀྱང་།།

སེམས་དང་སེམས་པ་མཐུན་ཕྱིར།།

ལྷ་སའི་བར་སྐོར་གླིང་ནས།།

བསམ་དོན་རི་མོ་འགྲུབ་ཡོངས།།

ལྷ་སའི་བར་སྐོར་གླིང་ནས།།

རིན་ཆེན་སྒོར་གྱིས་ཉོས་པའི།།

སྔོན་པོ་གཡུ་ཡི་སྙིང་འདི།།

དམར་པོ་སེམས་ཀྱི་ཚབ་ཡིན།།

·རྩོམ་ཡིག་གོང་མ:གཞས་ཚིག སེམས་འཕྲིན།
·རྩོམ་ཡིག་འོག་མ:གླུ་དབྱངས། ལམ་ནང་གི་དྲན་གླུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྣ་འཛོམས་དམངས་གཞས། 2015/4/18 11:12:04
·མཛའ་གླུ། 2013/4/17 16:10:17
·ཁ་བས་སྐུལ་བའི་གཞས་ཆུང་། 2012/4/11 21:13:47
·སེམས་གཞས་དམར་པོ། 2011/12/7 22:36:41
·ཁྲི་ཆེན་དགའ་ལྡན་ཁྲི་པ། 2011/9/22 19:23:18
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:12:21 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:12:10 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:06:57 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS