ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

ཁ་བས་སྐུལ་བའི་གཞས་ཆུང་།

རྩོམ་པ་པོ:མི་ཁོམ་པའི་རྒྱལ་སྲས།ཡོང་ཁུངས:དྲ་ཐོགགཟིགས་གྲངས:2526ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/4/11 21:13:47ཚོགས་ཡར་སྤྲོད:admin

ཁ་བས་སྐུལ་བའི་གཞས་ཆུང་།

མི་ཁོམ་པའི་རྒྱལ་སྲས།

བྱ་ཞིག་ཡིན་ན་བསམ་བྱུང་།། བྱེའུ་ཞིག་ཡིན་ན་བསམ་བྱུང་།།

ཉི་མའི་འོད་ཟེར་ཀློང་དུ།། འཕུར་རྒྱུ་བྱུང་ན་བསམ་བྱུང་།།
ཁ་བ་ཉིན་འབབ་མཚན་འབབ།། ས་གཞི་ཁ་བས་གཡོགས་བྱུང་།།
སྦྲ་ནག་གྲུ་བཞིའི་ནང་དུ།། ཨོང་བའི་མེ་སྤུངས་བརྒྱབ་ཡོད།།
སྨག་ནག་མུན་པའི་དུས་ལ།། ཁྱི་སྤྱང་ངུ་ཟུག་བརྒྱབ་བྱུང་།།
ཨ་མའི་མགུར་གླུ་ཁྲོད་ན།། ལུག་ཁྱུ་གཉིད་དུ་ཡུར་ཡོད།།
ང་དང་རྫི་མོ་ཆུང་ཆུང་།། རྫ་རི་བསྐོར་ནས་འགྲོ་དུས།།
རྔོན་པ་ཞེ་གནག་ཐོན་ནས།། མཛའ་མོའི་སྐྲ་ལོ་གཏུབས་སོང་།།
ནམ་མཁའི་ལྷ་སྲིན་སྡེ་བརྒྱད།། མཐུ་དང་རྫུ་འཕྲུལ་ཡོད་ན།།
ཉམ་ཆུང་ལུག་ཁྱུ་གསོད་པའི།། སྤྱང་ལྟོགས་ཐོག་གིས་སོད་ཅིག།
ཨ་མ་ཉི་མ་ཤར་ཤར།། བུ་ཆུང་ལག་པ་དྲོས་དྲོས།།
ཉི་འོད་འཕྲོས་རྒྱུ་མིན་ན།། ལག་གི་ཅ་ནེ་ལྷུང་ཐལ།།
ལྷ་སའི་བར་བསྐོར་གླིང་ན།། མཇལ་བ་བརྒྱ་འགྲོ་སྟོང་འདུས།།
སྨད་ཀྱི་ཇག་རྐུན་མང་པས།། བསྐོར་ལམ་བདེ་མོ་མི་འདུག།
ཨ་རོགས་བྱ་རྒྱལ་རྒོད་པོ།། གཤོག་རྩལ་ང་ལ་གཡོར་དང་།།
སྤྲིན་ནག་བང་རིམ་གཏོར་ཏེ།། གཤོག་འགྱུར་གང་དགར་རྩེན་འདོད།།
ན་བུན་བུ་མོ་ཞིག་གིས།། ང་ལ་སྙིང་གཏམ་ཞུས་བྱུང་།།
རང་ཉིད་ཁོ་ནར་དབང་བའི།། གཞིས་ཁྱིམ་དྲོན་མོ་དགོས་ཟེར།།
དཔྱིད་ཟླ་རླུང་གིས་ཚེས་ཐལ།། ཁུ་བྱུག་གསུང་སྐད་མ་གོ།
ལྟས་ངན་ཁྭ་ཏ་ནག་པོས།། ཨག་སྐད་ལན་གསུམ་བརྒྱབ་བྱུང་།།
ཉི་ཟླ་ཟུང་དུ་ཤར་དུས།། བར་སྣང་འོད་ཀྱིས་ཁེངས་ཡོང་།།
དབྱར་ཟླ་དྲོད་ཀྱིས་ཚེས་དུས།། མེ་ཏོག་བཞད་ཡོང་གསུང་བྱུང་།།
ལུས་སེམས་བདེ་དང་མི་བདེ།། ཐད་ཀར་ང་ལ་མ་འདྲི།།
ན་ཟུག་མཆོད་མེ་རེ་རེ།། མུན་ནག་ཀློང་ན་སྦར་ཡོད།།
སྐྱབས་འཇུག་ལྷ་ལ་ཞུས་ཡོད།། རེ་བ་མི་ལ་བཅོལ་ཡོད།།
བྱམས་པ་སྙིང་ལ་སྒོམ་ཡོད།། མཇལ་འཛོམས་བྱུང་བར་སྒུག་ཡོད།།
༢༠༡༢ལོའི་ཧོར་ཟླ་༢ ཚེས་༡༥དགོང་མོར་གུས་ཕུལ།
·རྩོམ་ཡིག་གོང་མ:ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་བཀའ་སློབ།
·རྩོམ་ཡིག་འོག་མ:སྣ་ཚོགས་ཉམས་ཀྱིས་རྒྱགས་པའི་མི་ཡུལ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྣ་འཛོམས་དམངས་གཞས། 2015/4/18 11:12:04
·མཛའ་གླུ། 2013/4/17 16:10:17
·སེམས་གཞས་དམར་པོ། 2011/12/7 22:36:41
·ཁྲི་ཆེན་དགའ་ལྡན་ཁྲི་པ། 2011/9/22 19:23:18
·དམངས་གཞས། ལྷ་སའི་བར་སྐོར་གླིང་ནས། 2011/9/7 15:39:20
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 13:30:47 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:27:33 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 2:27:13 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS