ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

ཁམས་ཁྱུང་པོ་ཁུལ་གྱི་དམངས་གླུ།

རྩོམ་པ་པོ:ཁ་བ་མཚོ།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:5020ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/7/15 21:56:49ཚོགས་ཡར་སྤྲོད:admin
ཁམས་ཁྱུང་པོ་ཁུལ་གྱི་དམངས་གླུ།

ཁ་བ་མཚོས་བསྡུས།

མཛའ་གླུ་སྐོར།

རྟ་མགྱོགས་མགྱོགས་གྱིས་ཤོག་མགྱོགས་པའི་རྟ། །
ཐང་བདེ་མོ་འདི་ལ་དགོས་ས་གདའ། །
རོགས་མཐུན་མཐུན་གྱིས་ཤོག་ཨ་མཐུན་རོགས། །
སྡེ་ཁྲ་བོ་འདི་ལ་དགོས་ས་གདའ། །

ངས་ཤ་རྩ་དཀར་ལ་ལྟ་རྒྱུ་མིན། །
སྒང་ལ་ཁའི་སྤྱང་རྟུག་དུང་ལས་དཀར། །
ངས་མགོ་འཕོངས་མཐོ་ལ་ལྟ་རྒྱུ་མིན། །
ཕ་འཛམ་པ་(ཤན་པ)འི་རིགས་དེ་མགོ་འཕོངས་མཐོ། །

ངས་གནམ་ཨ་སྔོན་ཀླད་རྒྱ་གཅོད་ཉིན་མོར། །
འབྲུག་ཕོ་ཐང་ཞིག་གིས་ཡར་ཤོག་ཟེར། །
འགྲོ་མི་ཕོད་ཕོ་ཐང་སྐུ་ཚེ་རིང་། །
ཁྱེད་འདྲ་བའི་གསུང་སྐད་ང་ལ་མེད། །

ངས་རྫ་ཁྲ་ཡག་སྒོང་ཟེ་འགྲིམ་ཉིན་མོར། །
འབྲོང་བྲེ་སེར་ཞིག་གིས་ཡར་ཤོག་ཟེར། །
འགྲོ་མི་ཕོད་བྲེ་སེར་སྐུ་ཚེ་རིང་། །
ཁྱེད་འདྲ་བའི་རུ་ཐུར་ང་ལ་མེད། །

ངས་བྱང་ན་མར་མཐའ་རྒྱ་འགྲིམ་ཉིན་མོར། །
རྐྱང་ཁ་དཀར་ཞིག་གིས་ཡར་ཤོག་ཟེར། །
འགྲོ་མི་ཕོད་རྐྱང་ཆུང་སྐུ་ཚེ་རིང་། །
ཁྱེད་འདྲ་བའི་བང་རྩལ་ང་ལ་མེད། །

རྫ་ཁྲ་ཡག་རིག་དུས་གནའ་ཡག་དྲན། །
སྦོ་གཟེ་མོ་མེད་ལ་ཅི་ལ་དྲན། །
ཐང་བདེ་མོ་རིག་དུས་འདོ་དྲུག་དྲན། །
རྒྱུག་བང་ཁ་མེད་ན་ཅི་ལ་དྲན། །
སྡེ་ཁྲ་བོ་རིག་དུས་དགའ་རོགས་དྲན། །
ཞེ་མཐུན་པོ་མེད་ན་ཅི་ལ་དྲན། །
·རྩོམ་ཡིག་གོང་མ:ཆུ་འཛིན་ཡོལ་བས་སྒྲིབ་པའི་མཛེས་ལྗོངས།
·རྩོམ་ཡིག་འོག་མ:མཚོ་པད་མ་དང་ཡང་ལེ་ཤོད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·མིག་སྔའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གནད་འགའ། ། 2014/11/23 9:44:18
·གླུ་ཡིག་གདམས་ངག་སྙིང་པོའི་མཛོད་ཁང་ 2014/2/28 22:59:58
·གནམ་འོག་ཁྱིམ་ཚང་གཅིག་ཡིན། 2013/10/23 18:22:51
·བོད་ཀྱི་གླུ་པ་ཡར་དུང་། 2013/7/30 16:30:05
·མི་ལ་རས་པའི་རྣལ་འབྱོར་རྟ་རྒྱུག་གི་གླུ་ 2013/4/26 10:26:09
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:58:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:25:58 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:40:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS