ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

ལྷ་ལྡན་ལུང་པ།

རྩོམ་པ་པོ:མིང་ལྡན།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:2109ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/12 13:51:20ཚོགས་ཡར་སྤྲོད:admin

ལྷ་ལྡན་ལུང་པ།

མིང་ལྡན།

བུ་ཕྲུག་སློབ་འབྲིང་འགྲིམ་པ།། འཛམ་གླིང་སློབ་གསོའི་ལུགས་རེད།།

དེ་ལ་དགའ་སྐྱེལ་གཏོང་ །།  ལྷ་ལྡན་ལུང་པའི་སྲོལ་རེད།།

སྡུག་ལ་མྱ་ངན་ཞུ་བ།། སྐྱེ་འགྲོ་མི་ཡི་སྲོལ་རེད།།

སྐྱིད་སྡུག་གཞས་ཀྱིས་སྐྱེལ་བ།།  ལྷ་ལྡན་ལུང་པའི་དཔེ་རེད།།

བརྒྱ་ལ་ཁོག་སྟོང་ཟེར་ཡང་།། སྐྱིད་སྡུག་ཚོར་བ་ཡོད་རེད།།

བརྒྱ་ལ་བློ་མིག་ལྡོངས་ཀྱང་།། ལག་པའི་ཕྱི་ནང་མཐོང་གིས།།

ཆོས་ཀྱི་ཆོལ་ཁ་ཡིན་ཟེར།། སྲིད་ཀྱི་ལྟེ་བ་ཡིན་ཟེར།།

འཕྲེད་གཞུང་གང་ནས་བལྟས་ཀྱང་།། ཆང་གི་ལྟེ་བ་རེད་བཞག།

ལྷོད་ལྷོད་བཞུགས་དང་གསུང་གིས།། སྐྱིད་པོ་བཏང་ཡོང་གསུང་གིས།།

ཇ་དང་ཆང་གི་ཆོལ་ཁ།། གཞས་དང་སྟོན་མོའི་ལྟེ་བ།།

ཨེ་མ་སྐྱིད་ཆུ་སྔོན་མོ།། བྲེལ་བྲེལ་རྒྱུག་ཚུལ་མཛེས་པ།།

ལྷ་ལྡན་ལུང་པའི་རྒན་གཞོན།།  ལྷོད་ལྷོད་སྡོད་ཚུལ་སྐྱོ་བ།།

འདི་ཉིད་དྲ་ཐོག་ནས་དྲངས་དུས་རྩོམ་པ་པོའི་མིང་གསལ་པོ་ཤེས་མ་སོང་བས་དགོངས་འགལ་མེད་པ་ཞུ།

·རྩོམ་ཡིག་གོང་མ:གཞས་ཚིག གངས་ལྗོངས་ལ་སྨོན་པ།
·རྩོམ་ཡིག་འོག་མ:འཆར་ཡན་གྱིས་བཞེང་པའི་ཕོ་བྲང༌།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྣ་འཛོམས་དམངས་གཞས། 2015/4/18 11:12:04
·མཛའ་གླུ། 2013/4/17 16:10:17
·ཁ་བས་སྐུལ་བའི་གཞས་ཆུང་། 2012/4/11 21:13:47
·སེམས་གཞས་དམར་པོ། 2011/12/7 22:36:41
·ཁྲི་ཆེན་དགའ་ལྡན་ཁྲི་པ། 2011/9/22 19:23:18
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 13:58:46 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:01:05 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:01:01 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།45.90MS