ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

གདོད་མའི་གླུ་ཚིག་སྲིད་པ་ཆགས་གླུ།

རྩོམ་པ་པོ:མི་གསལ།ཡོང་ཁུངས:བོད་ལྗོངས་རླུང་འཕྲིན།གཟིགས་གྲངས:2045ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/31 1:59:03ཚོགས་ཡར་སྤྲོད:ལྡོང་།

གདོད་མའི་གླུ་ཚིག་སྲིད་པ་ཆགས་གླུ།

དང་མ་སྲིད་པ་ཆགས་དུས་ན། རྡོ་མྱེ་རྡོ་ཙམ་ཞིག་མེད་ས་ནས། ཇག་པའི་བ་རྡོ་ཅི་ཡིས་བྱེད། དང་མ་སྲིད་པ་ཆགས་དུས་ན། ཤིང་ལྕག་ཡུ་ཙམ་ཞིག་མེད་ས་ནས། ཇག་པའི་བུད་ཤིང་ཅི་ཡིས་བྱེད། དང་མ་སྲིད་པ་ཆགས་དུས་ན། ཆུ་ཐིགས་ཆུ་ཙམ་ཞིག་མེད་ས་ན། ཇག་པའི་འཐུང་ཆུ་ཅི་ཡིས་བྱེད། དང་མ་སྲིད་པ་ཆགས་དུས་ཀྱི།  རྡོ་མྱེ་རྡོ་ཙམ་ཞིག་མེད་ས་ནས། སྤང་པོ་ཐོ་བླངས་ནས་བ་རྡོ་བྱེད། དང་མ་སྲིད་མ་ཆགས་དུས་ཀྱི།  ཤིང་ལྕག་ཡུ་ཙམ་ཞིག་མེད་ས་ན། བསང་སྤེན་མ་བྲེགས་ནས་བུད་ཤིང་བྱས། དང་མ་སྲིད་པ་ཆགས་དུས་ཀྱི།  ཆུ་ཐིགས་ཆུ་ཙམ་ཞིག་མེད་ས་ནས། གངས་དཀར་བོ་བླངས་ནས་འཐུང་ཆུ་བྱས།

དང་མ་སྲིད་པ་ཆགས་དུས་ཀྱི། ཉིན་རི་ཉིན་ན་སྨུག་དཀར་བཏབ། སྨུག་དཀར་མགོ་ན་དེ་དཀར་བབས། འབྲས་དཀར་ས་སོན་གན་ན་རྩོང་། དང་མ་སྲིད་པ་ཆགས་དུས་ཀྱི།སྲིབ་རི་སྲིབ་ན་སྨུག་སྔོན་བཏབ། སྨུག་སྔོན་མགོ་ན་དེ་སྔོན་བབས། ནས་སྔོན་ས་སོན་གན་ན་རྩོང་། དང་མ་སྲིད་པ་ཆགས་དུས་ཀྱི། ཁུག་རི་ཁུག་ན་སྨུག་དམར་བཏབ། སྨུག་དམར་མགོ་ན་དེ་དམར་བབས། གྱོ་དམར་ས་སོན་གན་ན་རྩོང་།
དང་པོ་སྲིད་པ་ཆགས་དུས་སུ། གོས་གཅིག་གིས་རྒྱལ་ཁམས་ཁེབས་པ་རེད། གོས་དེ་ཡི་མིང་ལ་ཅི་ཞིག་ཟེར། དང་པོ་སྲིད་པ་ཆགས་དུས་སུ། ཟས་གཅིག་གིས་འགྲོ་ཀུན་སོས་པ་རེད། ཟས་དེ་ཡི་མིང་ལ་ཅི་ཞིག་ཟེར། དང་པོ་སྲིད་པ་ཆགས་དུས་སུ། གོས་གཅིག་གིས་རྒྱལ་ཁམས་ཁེབས་པ་དེ། དགུང་འཛམ་གླིང་ཉི་མ་སེར་པོ་རེད། དང་པོ་སྲིད་པ་ཆགས་དུས་སུ། ཟས་གཅིག་གིས་འགྲོ་ཀུན་སོས་པ་དེ། ཟས་ཞིམ་པོ་སྦྲང་དཀར་རྩམ་པ་རེད།

དང་མ་སྲིད་པ་ཆགས་དུས་ཀྱི། གནམ་ས་གཉིས་ག་འདྲེས་བསྡད་ཡོད། གནམ་པ་ཕྱེ་ནོ་སུ་ཡིན་ཤོད། དང་མ་སྲིད་པ་ཆགས་དུས་ཀྱི། ཉིན་སྲིབ་གཉི་ག་འདྲེས་བསྡེད་ཡོད།ཉིན་སྲིབ་ཕྱི་ནི་སུ་ཡིན་ཤོད། དང་མ་སྲིད་པ་ཆགས་པའི་དུས། གནམ་པ་གཉིས་ག་འདྲེས་བསྡད་ཡོད། གནམ་ས་ཕྱེ་ནི་ཁྱུང་ཆེན་རེད། ཁྱུང་ཆེན་འགོ་ན་ཅི་གཞི་ཡོད། དང་མ་སྲིད་པ་ཆགས་པའི་དུས།ཉིན་སྲིབ་གཉི་ག་འདྲེས་བསྡད་ཡོད། ཉིན་སྲིབ་ཕྱི་ནོ་ཉི་མ་རེད། ཉི་མ་འགོ་ན་ཅི་ཞིག་ཡོད།

·རྩོམ་ཡིག་གོང་མ:རྟོགས་བརྗོད་གསེར་གྱི་མེ་ཏོག
·རྩོམ་ཡིག་འོག་མ:གླུ་ཚིག་རེད་དམ་འདོན་པ་རེད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:00:01 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:04:30 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 17:57:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 65 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS