ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

གསར་རྩོམ་དམངས་གཞས།

རྩོམ་པ་པོ:གངས་བུ།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1972ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/30 23:41:07ཚོགས་ཡར་སྤྲོད:admin

གསར་རྩོམ་དམངས་གཞས།

ཚིག  གངས་བུ།

ལུས་དང་ལུས་པོ་བྲལ་ཡང་།  ། སེམས་དང་སེམས་པ་འབྲེལ་ཡོད།  །  ལུས་སེམས་གཅིག་ཏུ་འབྲེལ་ན།  །   རྒྱ་ཁ་དམ་ཀྱང་མི་ཕན།  །   ཤར་ཕྱོགས་སྤྲིན་རུམ་དམར་པོ།  །   གོས་ཀྱི་ལྷན་རྩེག་མ་རེད།  ། ཉི་མ་གསེར་པོའི་རང་མདངས།  ། འཇིག་རྟེན་ཀུན་ལ་ཤར་ཡོད།  ། ཐབས་ལྡན་བུ་ཆུང་གདོང་དམར།  ། ཤེས་རབ་འཕྲུལ་གྱི་སྨིན་ལེགས།  །  ཐབས་དང་ཤེས་རབ་ཟུང་གིས། །  རྩལ་ལྡན་མྱུ་གུ་འདོན་ཤོག  །   རྩ་བ་རང་ལ་ཐུག་དུས།  །   རིག་པ་རང་གར་མ་བསླད།  ། རང་ལ་བརྩེ་ཞེན་ཡོད་ན།  །  རང་མགོ་ཐོན་པ་གནང་ཤོག  །   ཆང་ཕོར་དམ་བི་གང་དང་།  །  གྲོགས་ཐག་ཉེ་བ་མ་གནང་།  །  རང་གི་མདུན་ལམ་བཟང་པོ།  ། རླུང་ལ་བསྐུར་ཉེན་ཡོད་དོ།  ། རྒྱན་པོ་ཤོ་སྦག་རོལ་རྩེད།  ། དབུ་རང་འཁོར་ནས་བཞུགས་ན།  ། འཇིག་རྟེན་རྩེ་མོའི་ཡུལ་ཁམས།  ། བརྟན་སྲུང་ཐུབ་པ་འདུག་གམ།  ། བདེན་རྫུན་དབྱེ་བ་མ་འབྱེད།   བླུན་པོ་རང་གར་རྒྱུ་བ།  །  དོན་མེད་གཡོ་སྒྱུ་ཞིག་ལ།  ། མགོ་བོ་གཏིང་ནས་འཁོར་སོང་ །  །  རང་བཟོ་ཆུ་ལས་སླ་བ།  །གཞན་གྱིས་གར་ཁྲིད་ཡིན་འདུག  ། ཨ་ཙིས་དེ་འདྲའི་རང་གཟུགས།  །མེད་པ་ཡིན་ན་དགའ་བ།  །  ཉིན་མོ་རོལ་རྩེད་ཉི་སྐྱེལ།  ། མཚན་མོ་འཆལ་པོ་འཆལ་རྒྱུག  ། ངོ་ཚ་ཞེ་ཁྲེལ་མེད་པའི།  ། ལས་འདི་འཛེམས་ན་ཡ་རབ།  །  གངས་རིའི་རྩེ་ཡི་སེང་གེ  །  ནགས་ཚལ་ཁྲོད་ཀྱི་སྟག་རྒོད།  །   བྱང་ཐང་སྟེང་གི་འབྲོང་ཁྱུ།  ། རྩལ་གསུམ་འཛོམས་པ་ལེགས་བྱུང་།  །  ཉི་མ་གསེར་པོའི་གཟི་བརྗིད།  །   ཟླ་བ་དཀར་པོའི་མཛེས་ཞལ།  །   སྐར་ཚོགས་དུ་མའི་ཕྲེང་བ།  །   སྲིད་པའི་ཡང་རྩེའི་རྟེན་འབྲེལ།  །   ལྷག་བསམ་བཟང་པོ་ཞིག་གིས།  །  རང་གཞན་བདེ་བར་གསོ་དང་།  །   མཛེས་སྡུག་པད་མའི་ཞལ་རས།  །   མཇལ་བའི་རྟེན་འབྲེལ་ཡོད་དོ།  ། གང་དྲན་སྣང་བ་འཁྲུག་པའི།  །  མི་རྒན་ཐོ་ཅོ་ཅན་ཞིག  །  རང་དབང་ཁ་འདི་མི་འཚུམ། །  ཁ་ཆུ་འཛར་ནས་བརྗོད་སྐད།  །

·རྩོམ་ཡིག་གོང་མ:གཞས་ཚིག ཡུལ་ཤུལ།
·རྩོམ་ཡིག་འོག་མ:སེངྷ་ར་ཛ་ལ་ཕུལ་བ་སྤྲིན་གྱི་སྒྲ་དབྱངས། །
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྣ་འཛོམས་དམངས་གཞས། 2015/4/18 11:12:04
·མཛའ་གླུ། 2013/4/17 16:10:17
·ཁ་བས་སྐུལ་བའི་གཞས་ཆུང་། 2012/4/11 21:13:47
·སེམས་གཞས་དམར་པོ། 2011/12/7 22:36:41
·ཁྲི་ཆེན་དགའ་ལྡན་ཁྲི་པ། 2011/9/22 19:23:18
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:37:27 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:02:13 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:00:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS