ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
 རྩོམ་ཡིག་ཀློག་པ།

མཛའ་གླུ་གཡུ་ཆུང་དྲུག་དཀར།

  རྩོམ་པ་པོ:མང་རའི་རབ་གསལ།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2279ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/17 8:49:20ཚོགས་ཡར་སྤྲོད:admin

མཛའ་གླུ་གཡུ་ཆུང་དྲུག་དཀར།

མང་རའི་རབ་གསལ།

སེམས་ཀྱི་དུང་ཟོ་ཁ་ན།།

སྙིང་གཏམ་འོ་མ་ལྟེམས་ཡོད།།

ཆུང་འདྲིས་བྱམས་པའི་དཀྲོགས་ཀྱང་།།

མར་ལོ་འབྱུང་རྒྱུ་མི་འདུག །

 

ལྷ་སའི་པར་སྐོར་གླིང་ན།།

མཇལ་བ་ཁྲི་གཤར་སྟོང་འདུས།།

རིལ་རིལ་མིག་ཟུང་ཕྲ་མོས།།

བྱམས་པའི་ཕྱིར་མིག་མ་མཐོང་།།

 

གཞོན་པའི་སྙིང་གི་གསེང་ན།།

འཕྱུར་བ་དུངས་པའི་རླབས་རྒྱུན།།

བྲང་གི་ལྗོངས་ནས་མ་ཁོགས།།

སྙིང་བོའི་རྐང་ལ་འཐིམས་སོང་།།

 

གསེར་གྱི་མཆོད་རྐོང་ནང་ན།།

མར་ཁུའི་མཚོ་མོ་འཁྱིལ་ཡོད།།

ཞེན་པའི་ཚོར་འདུ་ཡོད་ན།།

སྡོང་རྐང་མཉམ་དུ་བཙུགས་ཆོག །

            ༡༥ཉིན་རྩམ་དགའ་ཀློག་ཁང་ནས།

·རྩོམ་ཡིག་གོང་མ:གཞས་ཚིག ཨ་ མའི་ བུ།
·རྩོམ་ཡིག་འོག་མ:གླུ་ཚིག རྫི་བོའི་བརྩེ་གླུ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༤ 2012/9/26 22:09:46
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༣ 2012/9/17 20:59:09
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༢ 2012/9/14 23:51:37
·ལྷ་རྩེའི་མང་མཁར་དམངས་གླུ། 2011/11/9 21:36:06
·མི་འཛོམས་དགུ་འཛོམས་འཛོམས། 2011/10/11 9:31:17
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:25:04 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 12:34:30 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/14 11:26:53 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།50.78MS