ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག འབྲོག་མོ་ཞིག་གི་ལས་དབང་།

རྩོམ་པ་པོ:དྷཱི་ཡི་འོད་ཟེར།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:1362ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/9/1 9:49:05ཚོགས་ཡར་སྤྲོད:admin

འབྲོག་མོ་ཞིག་གི་ལས་དབང་།

ཚིག  དྷཱི་ཡི་འོད་ཟེར།

པི་ཝང་རྟ་མགོ་མའི་རྒྱུད་སྐུད་བར་ནས། །
ཨ་ཅེ་འཇོལ་མོ་ཁྱོས་གྲེ་འགྱུར་ངོམ་དུས། །
ཏྰ་ནིའི་རྩྭ་ཐང་གི་མེ་ཏོག་ཀློང་ལ། །
མཛེས་སྡུག་ལྷག་མ་གཅིག་བསྣན་པས་དགའ་ཡོད། །

ཁྱིམ་ལས་ཙག་ཙིག་གི་བྲེལ་འཚུབ་བར་ནས། །
དབྱངས་འགྲོས་ཐར་ཐོར་ལ་སེམས་པ་བརླན་དུས། །
སློབ་གྲྭར་མ་འགྲིམ་པའི་འགྱོད་གདུང་མིག་ཆུས། །
མཁུར་ཚོས་བརླན་པ་ཡི་གཏམ་རྒྱུད་ཐོས་ཡོད། །

སེམས་གྱི་བརྩེ་བ་དེ་གླུ་ལ་བཅོལ་ནས། །
ངག་སྒོ་ཡངས་མོ་དེ་རི་ནས་བཀྲོལ་དུས། །
ཡུལ་མིའི་རྒྱབ་སྐྱོར་ལ་རེ་ལྟོས་ཕྲ་ཡང་། །
སྤོབས་པའི་གོམ་ཁ་དེ་མདུན་ལ་བསྒྱུར་ཡོད། །

འཚོ་བའི་ཁ་ཕྱོགས་ཀྱི་བར་ཐག་རིང་ཡང་། །
སེམས་ཀྱི་དགའ་ཕྱོགས་ཏེ་འདྲ་འདྲ་འདུག་པས། །
ཁྱོད་ཀྱི་སེམས་འདུན་དེ་ཇི་བཞིན་འགྲུབ་པའི། །
སྨོན་སེམས་ཁྲི་ཁྲག་གི་རླུང་རྟ་སྤུར་ཡོད། །
2010/12/22
·རྩོམ་ཡིག་གོང་མ:ཨ་མའི་ལས་དབང་།
·རྩོམ་ཡིག་འོག་མ:སེམས་ཁྲལ་ལྷག་མའི་སྐད་ཆ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:04:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:15:27 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 10:54:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS