ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

མཛའ་གཞས་ཡིད་ཀྱི་མདའ་མོ།

རྩོམ་པ་པོ:དཀར་པད།ཡོང་ཁུངས:དྲྭ་ཐོགགཟིགས་གྲངས:1494ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/12/16 22:29:08ཚོགས་ཡར་སྤྲོད:ངེད།
མཛའ་གཞས་ཡིད་ཀྱི་མདའ་མོ།

དཀར་པད།

ཁྱོད་ལ་དུངས་པའི་འཕྲིན་པ་རྒྱང་དུ་བསྐུར། །
ཁྱོད་ལ་དགའ་བའི་སྐད་ཆ་ངག་ནས་ཟློས། །
ཡིད་ནས་ཡང་ཡང་སྦས་པའི་བརྩེ་བ་དེ། །
སེམས་ཀྱི་གཞུ་མོ་ལས་ཤོར་རྒྱང་དུ་བཏང༌། །

དྲན་པའི་ཁོང་གསེང་དེ་ནས་འཛུམ་ཞིག་འཆོར། །
དུངས་པའི་གཞས་དབྱངས་སྙན་མོ་ངག་ཏུ་བཀུག །
ཡིད་འོང་ལོ་ཟླའི་ཕྲ་མོའི་ཕངས་པ་ནས། །
ཕན་ཚུན་མཇལ་བའི་རྨི་ལམ་རེ་ཞིང་སྒུག །

ཡ་གིའི་སྐྱ་ག་ཕྲ་མོར་སྐད་ཅིག་བཏང༌། །
རྒྱང་རིང་ཡུལ་གྱི་མཛའ་བོའི་སེམས་གཏམ་འདི། །
མ་གིའི་གཙང་ཆབ་སྔོན་མོར་གཞས་ཅིག་བླངས། །
ལྷད་མེད་སེམས་ཀྱི་བརྩེ་བ་འདི་གོ་ཞེས། །

མི་འགྱུར་བྲག་གི་དམ་བཅའི་རི་མོ་དེ། །
དྲི་མེད་སེམས་ཀྱི་བརྩེ་བའི་མདངས་སུ་བཀོད། །
རྟག་བརྟན་ལང་ཚོའི་བརྟས་བའི་ཞེ་མདངས་འདི། །
མཛའ་མོའི་དངས་གཙང་ཀློང་དུ་སྐྱེས་སུ་ཕུལ། །

གཙང་པོའི་ཕ་རོལ་དེ་ནས་རེ་ཞིང་སྒུག །
རྒྱང་རིང་མཛའ་མོའི་ཞལ་རས་ཨེ་མཐོང་ཞེས། །
རྫ་རི་མཐོན་པོའི་བྲག་ཅར་རྣ་བས་སྙན། །
སེམས་གཏམ་གླུ་རུ་དྲངས་པ་ཨེ་གོ་སྙམ། །

སྙིང་གི་མཛའ་མོའི་མིང་ནས་ལན་གསུམ་བོས། །
འབོད་སྒྲ་སྙན་མོ་ཕ་རིའི་བྲག་ལ་ཤོར། །
ཕར་ཕྱོགས་རི་བོར་འཁོར་ནས་ཕྱག་གསུམ་འཚལ། །
མྱུར་དུ་ལྷན་འཛོམས་བྱུང་བར་སྐྱབས་སུ་རེ། །

མདང་ནུབ་རྨིས་པའི་མཇལ་འཛོམས་རྨི་ལམ་དེ། །
ནངས་མོར་སད་དུས་འཇའ་བཞིན་སྔར་ནས་ཡལ། །
སྟོང་བར་ལུས་པའི་ཡིད་ཀྱི་རང་མདངས་འདི། །
ཨ་ཐང་ཆད་པའི་དངན་པ་རིང་མོར་གྲུབ། །
མཛའ་གཏམ་སྙན་ངག་དྲངས་པའི་འཕྲིན་པ་འདི། །
མཛའ་བ་ཟབ་པའི་གླུ་སྒྲར་སྒོམ་བཞིན་དུ། །
མཛའ་མོའི་ཡིད་སེམས་དངས་མོའི་ཕངས་བ་རུ། །
མཛའ་མཐུན་ལ་གླུའི་ཚུལ་དུ་ཇི་བཞིན་བསྐུར། །

·རྩོམ་ཡིག་གོང་མ:བོད་བསྒྱུད་ནང་བསྟན་གྱི་ཕན་ནུས་དང་ཁྱད་ཡོན།
·རྩོམ་ཡིག་འོག་མ:སྒྲོལ་མ་སྐྱབས་ཀྱི་བརྙན་འཁོར་རྩམ་པ་དང་འབྲེལ་བའི་སྐད་ཆ་ཞིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:30:17 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:00:33 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:49:14 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS