ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
 རྩོམ་ཡིག་ཀློག་པ།

བྱམས་པར་བླངས་པའི་གླུ།

  རྩོམ་པ་པོ:མང་རའི་རབ་ཆུང་ཡོང་ཁུངས:hhགཟིགས་གྲངས:1931ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/6/23 12:08:52ཚོགས་ཡར་སྤྲོད:admin
བྱམས་པར་བླངས་པའི་གླུ།
 
 མང་རའི་རབ་ཆུང་
 
དོ་ནུབ་ཚེས་པ་བཅོ་ལྔའི་མཚན་རེད།།
མུན་པས་སྒྲིབ་པས་དབྱིངས་ཆེན་དཀྱིལ་ན།།
དཀར་པོ་སྒོར་གྱི་ཟླ་བ་འཆར་བ།།
ཁྱེད་ཀྱི་ཞལ་རས་ཡིན་ནམ་མིན་ནམ།།
ཁྱེད་ཀྱི་མིག་ནི་སྐར་ཆེན་མཛེས་འདྲ།།
མཚན་ལྗོངས་མཛེས་མོའི་འོད་ཀྱི་དབྱིངས་སུ།།
ཁྱེད་ཉིད་ཡོད་པར་སྙིང་ནས་སྒོམ་དུས།།
མིག་གིས་ང་རང་འཚོས་པ་འདྲ་བྱུང་།།
ཁྱེད་ཉིད་སྙིང་ནས་སྒོམ་པའི་མཐར་ཐུག།
ཅི་ཞིག་ཡིན་པ་ཁྱོད་ཀྱིས་རྟོགས་སམ།།
ཁྱེད་ལ་འཕྲེང་པའི་དབེན་པོ་ང་ཡིས།།
སྟོང་ཉིད་ཟེར་བ་སྒོམ་པ་ནང་བཞིན།།
ཚེ་གཅིག་ལུས་ཀྱི་སེམས་པའི་འཁོར་ཕྱོགས།།
མདའ་མོ་བཞིན་དུ་ཁྱེད་ཀྱི་སྙིང་གར།།
མིག་ཡས་བཙུམ་ནས་ཐིག་ཏུ་བླངས་ཡོད།།
འབེན་པ་བྱམས་ཀྱི་སྙིང་ལ་ཕོག་བསམ།།
མེ་ཏོག་ལྡུམ་རའི་ལྡུམ་དཀྱིལ་ནང་དུ།།
ཁྱེད་ལ་དགའ་བའི་ཟེའུ་འབྲུ་བཏབ་ཡོད།།
མྱུ་གུ་འབུས་འདོད་བསམ་པ་ཡོད་ཚེ།།
ཉེར་ལེན་ཆུ་དེ་གཏོང་བར་མ་བརྗེད།།
བརྩེ་བ་ཟེར་ན་ནམ་མཁའི་མཇའ་ལྟར།།
དུང་པ་ཟེར་ན་སྟོང་ཁམས་ནང་བཞིན།།
བརྩེ་དུང་ཟེར་བ་འདི་ལྟར་འབྲེལ་མོད།།
ངས་ནི་དེ་ལྟ་བདེན་པར་མི་སེམས་།།
ཡག་མ་ཟེར་ན་སྐར་བཞིན་མང་ཀྱང་།།
བྱམས་པ་ཟེར་པ་གཅིག་ལས་མི་སྲིད།།
ཁྱོད་དང་འུ་གཉིས་ཁོ་ན་མཐུན་ན།།
ཁྲེལ་མེད་དེ་ཚོ་ཁྲེལ་མེད་རང་རེད།།
མི་ཚེ་སྣང་བ་གཅིག་མཐུན་གཅིག་ཐལ།།
དེ་མིན་གླ་མོ་ལང་བཙོང་ལུས་བཙོང་།།
ནང་བཞིན་རིགས་ལ་ཞེན་པ་ལོག་སྐད།།
སེམས་ཀྱི་བྱམས་པ་གཅིག་ལས་མི་སྲིད།།
དགའ་མའི་ཕྱོགས་སུ་འཁྲེང་པའི་སེམས་དང་།།
གཞན་ཞིག་འཚོལ་འདོད་མེད་པའི་དམ་བཅའ།།
བདེ་མོའི་ངག་ནས་དབྱངས་ལ་བརྒྱུས་ཏེ།།
གནས་སའི་མལ་དུ་བླངས་པ་སྙན་ཨང་།།
                                    ༢༠༡༡·༡༡·༡༠ནུབ་ལ།
·རྩོམ་ཡིག་གོང་མ:གཞས་ཚིག ང་ཡི་ཁྱོད།
·རྩོམ་ཡིག་འོག་མ:རོགས་ཆུང་ལོ
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·དབྱིན་འགོག་དམག་འཁྲུག་སྐབས་ཀྱི་དམངས་གཞས་ཁག་ཅིག 2014/12/31 12:28:38
·དཔའ་བོའི་སྙིང་སྟོབས། 2013/12/1 22:23:02
·ཕ་རྒན་དྲན་གླུ། 2013/6/21 9:41:13
·ཇ་ཕོར་ལ་སེམས་ཟུག་པ། 2012/10/30 13:41:23
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:14:40 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 18:32:14 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 8:00:41 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS