གངས་རིའི་བསུ་བ།།
ཚིག སྤོས་ཁང་སྒྲོལ་བཟང་།
དེ་རིང་དབྱར་གྱི་ཟླ་བའི་ཚེས་བཟང་ཡིན།།
དེ་རིང་གངས་རི་ཏི་སེའི་དུས་བཟང་ཡིན།།
དེ་རིང་ནང་རིག་བསྟན་པའི་དུས་བཟང་ཡིན།།
དེ་རིང་ང་ཚོ་ཚང་མའི་དུས་བཟང་ཡིན།།
ཕེབས་དང་ཁྱེད་ཀྱང་ཕེབས་དང་ཁོང་ཡང་ཕེབས་འདུག ། ང་ཚོ་ཚང་མ་འདི་རུ་འཛོམས་པས་སྐྱིད་པ་ལ།
འདི་ནི་འཛམ་གླིང་ཡུལ་གྱི་རྒྱལ་མཚན་ཞེས།།
འདི་ནི་གངས་ཅན་རི་ཡིས་རྒྱལ་པོ་ཞེས།།
འདི་ནི་གནའ་བོའི་རིག་པའི་བང་མཛོད་ཞེས།།
ལྟོས་དང་འདི་ནི་གངས་རི་ཏི་སེ་ཡིན།།
ལེན་དང་ཁྱེད་ཀྱི་ལེན་དང་ཁོང་གིས་ལེན་བཞིན་འདུག།
ང་ཚོ་ཚང་མས་འདི་ནས་སྐྱིད་པའི་གླུ་ཞིག་ལེན།།
འདི་ནི་སེམས་དབུས་དག་ཞིང་ཡིན་པས་ན།།
འདི་ན་སེམས་བཟང་ཅན་གྱི་མི་སྣ་མང་།།
འདི་ན་བབ་ཕེབས་ཞི་བདེའི་རྟག་བརྒྱན་པས།།
འདི་ན་མཁའ་དབུགས་གཙང་མའི་གངས་ཆུ་མང་།།
ཕེབས་དང་ཕེབས་དང་ཡིད་སེམས་མཐུན་པའི་སྤུན་གྲོགས་ལགས། གནས་འདིར་ཕེབས་དང་ང་ཚོ་ཚང་མས་དགའ་བསུ་ཞུ།།