ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
 རྩོམ་ཡིག་ཀློག་པ།

གཞས་ཚིག ཟླ་བདུན་པའི་དྲན་པ།

  རྩོམ་པ་པོ:ཀུན་དོན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:4122ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/7/22 12:44:52ཚོགས་ཡར་སྤྲོད:admin

ཟླ་བདུན་པའི་དྲན་པ།༼ཞལ་བཀོད་གཅིག༽


                     ཚིག      ཀུན་དོན། 

ཆུང་འདྲིས་ཟླ་བ་བདུན་པའི་མེ་ཏོག་འདྲ་བྱུང་།  
སོ་སོར་གྱེས་པའི་རྒྱང་ཐག་མ་ཟེར་མ་ཟེར།       
དབྱར་ལ་ཉི་མ་དྲོས་ན་ཆར་བ་འབེབས་ན།        
ཆུང་འདྲིས་མེ་ཏོག་རྙིད་ཀྱང་སྐམ་རྒྱུ་མི་འདུག     

ང་ཡི་ཆུང་འདྲིས། ང་ཡི་བྱམས་པ།
ཉལ་བའི་སྙིང་གཏམ་བུང་བར་བཅོལ་ཡོད།
འཁོར་འཁོར་བྱུང་བའི་སྦྲང་མ་བསུ་རོགས།

ཆུང་འདྲིས་ཟླ་བ་བདུན་པའི་གཙང་བོ་འདྲ་བྱུང་། 
ཁ་ཁར་གྱེས་པའི་སྐྱོ་ངལ་མ་གླེང་མ་གླེང་།          
དབྱར་ལ་ཉི་མ་དྲོས་ན་ཆར་བ་འབེབས་ན།         
ཆུང་འདྲིས་གཙང་བོ་ཁྲོས་ཀྱང་སྤྲུགས་རྒྱུ་མི་འདུག།

ང་ཡི་ཆུང་འདྲིས། ང་ཡི་བྱམས་པ།
བྲིས་པའི་བརྩེ་འཕྲིན་ཉ་མོར་བསྐུར་ཡོད།
འཁྱུག་འཁྱུག་བྱུང་བའི་ཉ་མོ་བསུ་རོགས།
                                           ༡-༧-༡༥

                  གྱེས་བྲལ།


ཉིན་ལ་ཟླ་བས་དེད་ཐལ།
ཟླ་བར་ཉི་མས་དེད་སོང་།
འཛོམས་པའི་གྲངས་མེད་བརྩེ་བ།
གྱེས་པའི་ཆུ་ལ་སིམ་སོང་།

སེམས་གཏམ་ཆུ་ཡིས་སྦངས་ཐལ།
ཆུ་ལ་སེམས་པ་ཁུར་སོང་།
འཛོམས་པའི་གྲངས་མེད་དུངས་བ།
གྱེས་པའི་མཚོ་ལ་འཇགས་སོང་།

ཞལ་རས་མོག་པོར་གྱུར་ཐལ།
སྣང་བ་ཡོམ་ཡོམ་འདར་སོང།
འཛོམས་པའི་གྲངས་མེད་དགའ་བ།
གྱེས་པའི་མཁའ་ལ་ཡལ་སོང་།

སྙིང་ལ་ཉལ་བའི་གྱེས་གཏམ།
བརྗོད་ཀྱང་སྙིང་ལ་ན་སོང་།
ན་ཟུག་ལུས་པོར་བསྟིམས་པ།
གྱེས་པའི་བཟི་ཁ་བཙན་སོང་།
                                  ༣-༧-༡༥

                                


·རྩོམ་ཡིག་གོང་མ:བསྟོད་པ་བརྒྱ་ལྔ་བཅུ་པ་བཞུགས་སོ།
·རྩོམ་ཡིག་འོག་མ:ཐེ་ཀོར་གྱི་རྟོགས་བརྗོད།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
མིག་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS