བསོད་ནམས་ལྷ་མོ་ཡང་སེ་ཡང་།
ཚིག ཀླུ་མཁར་རྒྱལ།
མགོ་ན་བྱུ་རུའི་ཞྭ་མོ་ཡོད།(བསོད་ནམས་ལྷ་མོ་ཡང་སེ་ཡང་།)
རྒྱན་ཞིག་རེད་དམ་རྒྱུ་ཤོམ་རེད།(བསོད་ནམས་ལྷ་མོ་ཡང་སེ་ཡང་།)
ང་ཡི་མིག་མཐའ་སྒྲིབ་པ་མིན་ན།
རྒྱན་ཞིག་མ་རེད་རྒྱུ་ཤོམ་རེད།
རྒྱུ་ཤོམ་སྣང་བ་མཐོ་ཞིང་མཐོ།(བསོད་ནམས་ལྷ་མོ་ཡང་སེ་ཡང་།བསོད་ནམས་ལྷ་མོ་ཡང་སེ་ ཡང་ ཡང་།)
རྒྱབ་ན་དངུལ་གྱི་འདོགས་ཆ་ཡོད།(བསོད་ནམས་ལྷ་མོ་ཡང་སེ་ཡང་།)
མཛེས་ཤིག་རེད་དམ་ཁུར་བོ་རེད།(བསོད་ནམས་ལྷ་མོ་ཡང་སེ་ཡང་།)
ང་ཡི་མིག་གི་མཐོང་ལམ་ནང་ནས།
མཛེས་ཤིག་མ་རེད་ཁུར་བོར་མཐོང་།
ཁུར་བོ་ཁུར་ན་ལྕི་ཞིང་ལྕི།(བསོད་ནམས་ལྷ་མོ་ཡང་སེ་ཡང་།བསོད་ནམས་ལྷ་མོ་ཡང་སེ་ ཡང་ ཡང་།)
རྐང་ན་ཕྱིང་དཀར་ལྷམ་ཞིག་ཡོད།(བསོད་ནམས་ལྷ་མོ་ཡང་སེ་ཡང་།)
འཕྱོར་ཞིག་རེད་དམ་རྒྱན་ཞིག་རེད།(བསོད་ནམས་ལྷ་མོ་ཡང་སེ་ཡང་།)
ང་ཡི་ཡ་ཆུང་དྲན་ཚུལ་དབུས་ནས།
འཕྱོར་ཅིག་མ་རེད་རྒྱན་དུ་བསམ།
རྒྱན་ཆ་རན་ན་མཛེས་ཤིང་མཛེས།(བསོད་ནམས་ལྷ་མོ་ཡང་སེ་ཡང་།བསོད་ནམས་ལྷ་མོ་ཡང་སེ་ ཡང་ ཡང་།)