ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
 རྩོམ་ཡིག་ཀློག་པ།

གཞས་ཚིག ལྷ་ས་ཐག་རིང་མ་རེད།

  རྩོམ་པ་པོ:ངེད་དྲ་བ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1977ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/30 13:04:39ཚོགས་ཡར་སྤྲོད:ངེད།
                                               ལྷ་ས་ཐག་རིང་མ་རེད།
 
                                 ཚིག  ངེད་དྲ་བ།
 
ལྷ་ས་ཐག་རིང་མ་བསམ།  །
ལྷ་ས་ཐག་རིང་མ་རེད།  །
མོས་འདུན་ཡོད་པའི་མི་ལ།  །
ཉི་མ་ལྷ་ས་ཐག་རིང་མ་རེད།  །
སྤུན་ཟླ་ལགས།   ཁྱེད་ལ་དུས་ཚོད་ཡོད་ན།  །
ལྷ་སར་ཕེབས་ཙམ་གནང་དང་།  །
ལྷ་སའི་བར་སྐོར་ཁྲ་མོའི།  །
ཚོང་གི་འདུ་འགོད་གཟིགས་ཆོག  །
ཨ་་་ ལྷ་ས་ཐག་རིང་མ་རེད།   །
ཉི་མ་ལྷ་ས་ཐག་རིང་མ་རེད་ལོ།  །
 
ལྷ་ས་ཐག་རིང་མ་དྲན།  །
ལྷ་ས་ཐག་རིང་མ་རེད།  །
སེམས་དང་སེམས་པ་འབྲེལ་ན།  །
ཉི་མ་ལྷ་ས་ཐག་རིང་མ་རེད།  །
གྲོགས་པོ་ལགས།  ཁྱེད་ཀྱིས་དུས་ཚོད་བཙལ་ནས།  །
ལྷ་སར་ཕྱག་ཕེབས་གནང་ཤོག  །
དགའ་ཉེ་མཉམ་དུ་འཛོམས་ནས།  ། 
བདེ་སྡུག་སྙིང་གཏམ་ཞུ་ཆོག  ། 
ཨ་་་ ལྷ་ས་ཐག་རིང་མ་རེད།  །
ཨ་་་ ས་ཐག་མ་རེད་སེམས་ཐག་རེད།  །  
     ཚངས་དབྱངས་གླུ་ཁང་དུ་བཀོད་པའི་གཞས་ཚིག་འདི་དག་ལ་དབྱངས་བཟོ་མཁན་ཡོད་ན་དགའ་བསུ་ཆེན་པོ་ཡོད་ལ།    དེ་བཞིན་ཁྱེད་ཕྱོགས་ལ་གཞས་ཚིག་ཡོད་ན་དང་།  གསར་དུ་འབྲི་ནས་འདིར་འབྲི་འགོད་བསྐུར་ཐབས་གནང་ཤོག་དང་།  འདི་ནས་ང་ཚོས་འབྲེལ་ཡོད་གདངས་དབྱངས་རྩོམ་མཁན་ལ་འོས་སྦྱོར་ཞུ་ཐབས་གང་དྲག་བྱ་ཆོག་པ་དང་།   ང་ཚོའི་འཁོས་འབྱོར་ལ་གཞིགས་ཏེ་དབྱངས་རྩོམ་གླ་དང་གཞས་ཚིག་གི་རྩོམ་ཡོན་ཡང་གང་དྲག་འབུལ་ཐབས་ཞུ་གི་ཡིན།    ང་ཚོས་བསམ་ན་རྗེས་མ་ ཚངས་དབྱངས་གླུ་ཁང་འདི་ཉིད་ཕྱོགས་ཡར་མར་གྱི་གཞས་ཚིག་དང་གླུ་ཚིག་འབྲི་འགོད་བྱེད་སའི་ཆེད་མངགས་ཀྱི་གླུ་དེབ་ལྟ་བུ་ཞིག་ལ་འགྱུར་ཐུབ་པ་བྱུང་ན། མིག་སྔར་རང་རེར་བོད་ཡིག་གཞས་ཚིག་འབྲི་སའི་ཆེད་དེབ་ཅིག་མེད་པའི་སྟོང་ཆ་དེ་སྐོང་བ་དང་།  བོད་སྐད་གཙང་མའི་གླུ་གཞས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཡོང་རྒྱུར་ཕན་རྐྱེན་ཕྲན་བུ་འདྲའང་བྱེད་ཐུབ་ན་ཅི་མ་རུང་སྙམ་པའི་གཡོ་ལྷད་མེད་པའི་ཀུན་སློང་འཆང་བཞིན་ཡོད་ན། མཁྱེན་ལྡན་རྣམ་པས་དེ་ལུགས་དངོས་ཤུགས་བརྒྱུད་གསུམ་ནས་དོ་སྣང་དང་འོས་སྦྱོར་རོགས་ཕན་གནང་རྒྱུའི་རེ་སྒུག་ཞུ།
                                        འབྲེལ་བ་བྱ་ཡུལ། 
                                                              གློག་ཡིག   cangyang7@yahoo.com.cn
                                                                                                 QQ:      1026393568
                                                                                                 ཁ་པར།   13638917528
·རྩོམ་ཡིག་གོང་མ:དབྱངས་ཅན་བསྟོད་པ་རྒྱ་མཚོ་མ།
·རྩོམ་ཡིག་འོག་མ:ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་དཔྱད་རྩོམ་ཞིག ༡
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:29:27 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 18:53:42 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 8:22:42 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS