ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག སྙིང་གི་རུས་པ་ཆག་འགྲོ།

རྩོམ་པ་པོ:ས་དམར་གྲགས་པ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1560ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/2/13 9:41:59ཚོགས་ཡར་སྤྲོད:ངེད།
སྙིང་གི་རུས་པ་ཆག་འགྲོ།
ས་དམར་གྲགས་པ།
མགོ་བོ་མཐོ་འདུག་མ་བསམ། །
སེམས་པ་ན་གི་མ་བསམ། །
ང་དང་ཁྱོད་ཀྱི་བར་ལ། །
རི་དང་མཚོ་མོས་མི་ཆོད། །
དྲན་བྱུང་དྲན་བྱུང་མ་གསུང༌། །   ན་ཟུག་རི་བོའི་ལྗིད་རེད།།
འགྲོ་དགོས་འགྲོ་དགོས་མ་གསུང༌།།    སྙིང་གི་རུས་པ་ཆག་འགྲོ།།

བརྩེ་བ་མི་འདུག་མ་བསམ། །
ལས་དབང་མི་འདུག་མ་བསམ། །
ཚེ་འདུར་ཤི་དགོས་བྱུང་ཡང༌། །
རྣམ་ཤེས་སོ་སོར་མི་འགྲོ། །
སྐྱོ་གི་སྐྱོ་གི་མ་གསུང༌།།     དྲན་གདུང་ཆུ་བོའི་རྒྱུན་རེད།།
ལོག་འགྲོ་ལོག་འགྲོ་མ་གསུང༌།།   སྙིང་གི་རུས་པ་ཆག་འགྲོ།།

འཇིག་རྟེན་འགྱུར་འདུག་མ་བསམ། །
བདེ་བ་མི་འདུག་མ་བསམ། །
གནས་སྲོལ་རྣོ་ལྕགས་སྲ་མོ། །
ང་དང་ཁྱོད་ཀྱིས་གཏོར་ཆོག །
ང་རང་ང་རང་མ་གསུང༌།།     ང་དང་ཁྱོད་ཀྱིས་དོན་རེད།།
ནམ་ཞིག་ནམ་ཞིག་མ་གསུང༌།།    སྙིང་གི་རུས་པ་ཆག་འགྲོ།།
༢༠༡༠ལོའི་ཟླ་༢་པའི་ཚེས་༤ཉིན་ཕ་ཡུལ་ཅོ་ནས་ས་དམར་ནས་བྲིས།
·རྩོམ་ཡིག་གོང་མ:སེང་རྡོར་གྱི་སྙན་རྩོམ་ཞིག
·རྩོམ་ཡིག་འོག་མ:གཞས་ཚིག ལོ་གསར་སྨོན་ཚིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:07:03 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:17:52 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:59:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS