ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
 རྩོམ་ཡིག་ཀློག་པ།

གཞས་ཚིག མ་དྲིན་ཆེན།

  རྩོམ་པ་པོ:སྐལ་བཟང་བཀྲ་ཤིས།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3454ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/3/14 10:40:47ཚོགས་ཡར་སྤྲོད:ངེད།
                         མ་དྲིན་ཆེན། 
                        སྐལ་བཟང་བཀྲ་ཤིས།
 
གངས་དཀར་པོ་དོག་མོ་ས་གཞིའི་མ།།
སྤྲིན་དུམ་བུ་ནམ་མཁའི་རྒྱན་ཆ་ཡིན།།
བྱ་ཁུ་བྱུག་དྲུག་འགྱུར་སྙན་པ་དེ།།
མ་བཀའ་དྲིན་ཅན་གྱི་ནུ་ཞོས་གསོས།།
བཅུད་མངར་འཛོམས་འོ་མའི་བཞུར་རྒྱུན་ལས།།
བྱམས་སྙིང་རྗེའི་སྤྱན་གྱིས་གཟིགས་པར་ཤོག །།
 
ནགས་ཙན་དན་ལྗོན་ཤིང་རྭ་བའི་མ།།
ཆར་ཟིལ་མ་སྤྲིན་དཀར་རྒྱན་ཆ་ཡིན།།
རྩི་མེ་ཏོག་སེར་ཆེན་བཞད་པ་དེ།།
མ་བཀའ་དྲིན་ཅན་གྱི་ནུ་ཞོས་གསོས།།
བཅུད་མངར་འཛོམས་འོ་མའི་བཞུར་རྒྱུན་ལས།།
ཐུགས་བརྩེ་ཆེན་མཁའ་མཉམ་དོན་རྟོགས་ཤོག །
 
ཕྱུགས་འབྲི་མོ་བཅུད་ལྡན་ཟས་ཀྱི་མ།།
ལུག་གཡང་དཀར་བལ་གྱི་བང་མཛོད་ཡིན།།
སྡེ་འབྲོག་མོའི་འཚོ་བ་སྣུམ་པ་དེ།།
མ་བཀའ་དྲིན་ཅན་གྱི་ནུ་ཞོས་གསོས།།
བཅུད་མངར་འཛོམས་འོ་མའི་བཞུར་རྒྱུན་ལས།།
དྲིན་གསབ་དཀའི་གནས་ལུགས་ཤེས་པར་ཤོག ། 
 
·རྩོམ་ཡིག་གོང་མ:གྲགས་ཅན་གསུང་ཚིག༩
·རྩོམ་ཡིག་འོག་མ:གཞས་ཚིག མི་ལ་རས་པའི་ཉམས་མགུར།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:Eli
What sort of music do you like? <a href=" http://modeorganicsalon.com/products-page/ ">motilium mg</a>  therapeutic class and are covered when Plan rules are followed. All other drug products
发表时间:2014-6-9 19:23:10 [来自: 37.187.142.194]

 评论者:Hannah
A law firm <a href=" http://www.salelinks.net/pr-domains ">cefixime online</a>  0 - No Product Selection Indicated.
发表时间:2014-6-9 18:02:07 [来自: 62.210.142.7]

 评论者:Sophie
I`ll send you a text <a href=" http://modeorganicsalon.com/products-page/ ">motilium pharmacy</a>   If liquid has been spilled, orsituated away from heat sources such
发表时间:2014-6-9 17:40:11 [来自: 37.187.142.194]

འབྲེལ་ཡོད་དཔྱད་བརྗོད 1606 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS