ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གླུ་མ་ལྗེན་ནིས་ཧྥེར་གྱི་གླུ་༼སྙིང་སྟོབས༽ཞེས་པའི་ཚིག་འབྲུ།

རྩོམ་པ་པོ:ཐེ་བྲག་བསྟན་པས་བསྒྱུར།ཡོང་ཁུངས:དགེ་ཆོས་དྲ་བ།གཟིགས་གྲངས:1472ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/5 21:24:40ཚོགས་ཡར་སྤྲོད:admin
གླུ་མ་ལྗེན་ནིས་ཧྥེར་གྱི་གླུ་༼སྙིང་སྟོབས༽ཞེས་པའི་ཚིག་འབྲུ།

ཐེ་བྲག་བསྟན་པས་བསྒྱུར།

དེ་ནི་ཉི་མ་གསར་པ་ཞིག
ཉི་མ་གསར་པ་ཞིག་དང༌།   དེ་ནི།
ང་ཚོས་འཚེར་སྣང་བྱ་འོས་པའི་དངོས་པོ་སྟེ། ཁྱེད་རང༌།
ལྷ་ཡུལ་ནས་བཏང་བ་ཡིན་ངེས་ཀྱི་བདེན་དཔང་ཞིག

འོན་ཀྱང༌། ང་ལ་འཚེར་སྣང་ཅི་ཡང་མེད་ལ།
ངའི་སྤོབས་པ་སྔོན་ལས་མཐོ་སྣང་སྐྱེ།
ངས་གདོད་མའི་ཚོར་སྣང་དེ་སྤྱོད་ཀྱིན་ཡོད་དེ།
ང་རང་དེ་ལ་དུངས་བཞིན་ཡོད་པར་ཡིད་ཆེས་ཡོད།

ངས་འབུལ་གཏོང་དེ་མི་ལེན་མི་ཕོད།
དེ་འདྲའི་གཏོང་ཕོད་ཅིག
དེ་བས་ཁོས་ང་རང་བེད་སྤྱོད་བྱེད་རྒྱུ་ཡིན་པར་ཚོད་དཔག་བྱེད་མི་ཕོད།
ཁོང་སོང་རྗེས། ནམ་ཡང་ཕྱིར་ཁ་པར་མ་བཏང༌།

ཞུམ་པ་མ་གནང༌།
ཞུམ་པ་མ་གནང༌།
འདི་ནི་ཁྱེད་ཀྱི་ཉི་མ་རེད།
འདི་ནི་ཁྱེད་ཀྱི་ཉི་མ་རེད།

ད་ནི་སྙིང་སྟོབས་སྐྱེད་པའི་དུས་ལ་བབས། ང་མི་སྐྲག་ཟེར་རོགས།
སྔོན་ནས་ཁུ་སིམ་མེར་བསྡད་མོད། ད་ནས་དེ་ལྟར་མི་སྡོད།
ད་ནི་ཚ་གྲང་ལ་འགྱུར་བ་ཐེབས་སོང༌།
ད་ནི་སྔོན་ཆད་དང་མི་མཚུངས།

ང་མི་སྐྲག ང་མི་སྐྲག
དེ་རིང་གི་ཉི་མའི་འོད་ཐིགས་ཐད་ཀར་ངའི་བྲག་ཕུག་གི་ནང་དུ་འཕྲོས་ཏེ།
ང་རང་གི་ཐར་ལམ་ཡིན་སྲིད་པའི་ལམ་བུ་ཞིག་བསྟན་པས།
ད་ནི་ངའི་སྙིང་སྟོབས་ཇེ་ཆེར་གྱུར་སོང༌།
ད་ནི་ངས་ལས་དབང་གི་ཤོག་ལྷེ་སྒྱུར་བཞིན་ཡོད།
བརྩེ་དུང་གི་དབང་གིས་ངས་དུངས་པ་འཆང་ཆོག་སྟེ།
དེ་ནི་ང་ལ་སྙིང་སྟོབས་ཡོད་པས་སོ།།
ང་ལ་སྙིང་སྟོབས་ཡོད། ང་ལ་སྙིང་སྟོབས་ཡོད།

ཁོང་གིས་གསུང་རྒྱུར།
འབྲེལ་བ་འདིའི་གོམས་སྟབས་ཁོང་ལ་མཚོན་ན་མགྱོགས་དྲགས་འདུག་ཟེར།
ཚོར་བ་དེ་ནི། མ་ངེས་པའི་འཇིག་རྟེན་གཉིས་ཀྱི་བར་དུ།
རང་ཉིད་ཨུ་ཚུགས་ཀྱིས་དཔྱངས་པ་དང་མཚུངས་ཟེར།

འོན་ཀྱང༌། ཡོད་ཚད་ཁོང་གི་མིག་མདངས་ལས་མཐོང་ཐུབ།
ཁྱེད་རང་ཁོང་ལ་ཞེད་པ་བཞིན་དུ།
ཁོང་ཡང་ཡང་བསྐྱར་མནར་གཅོད་མྱོང་བར་ཞེད།
དེ་བས། ཁོས་ང་རང་ཁོང་གི་སྙིང་དབུས་སུ་བསུས་ན་ཅི་མ་རུང་སྙམ།

ད་ནི་འགྲོ་རུ་འཇུག་པའི་དུས་ལ་སླེབས་སོང༌།
ཁྱེད་ཀྱི་སྙིང་ཆུང་འགྲོ་རུ་འཇུག་པའི་དུས་ལ་སླེབས་སོང༌།
ད་ནི་རྣམ་པའི་གསར་པ་ཞིག་གི་འགོ་འཛུགས་པའི་དུས་ལ་སླེབས་སོང༌།
ང་ཚོ་ནམ་ཡང་མི་འབྲལ་བ་ནམ་ཡང་ཤེས་ཐབས་བྲལ།

བརྩེ་ལྡན། ཞུམ་པ་མ་གནང༌།
ཞུམ་པ་མ་གནང༌།
འདི་ནི་ཁྱེད་ཀྱི་ཉི་མ་རེད།
འདི་ནི་ཁྱེད་ཀྱི་ཉི་མ་རེད།

ད་ནི་སྙིང་སྟོབས་སྐྱེད་པའི་དུས་ལ་བབས། ང་མི་སྐྲག་ཟེར་རོགས།
སྔོན་ནས་ཁུ་སིམ་མེར་བསྡད་མོད། ད་ནས་དེ་ལྟར་མི་སྡོད།
ད་ནི་ཚ་གྲང་ལ་འགྱུར་བ་ཐེབས་སོང༌།
ད་ནི་སྔོན་ཆད་དང་མི་མཚུངས།

ང་མི་སྐྲག ང་མི་སྐྲག
དེ་རིང་གི་ཉི་མའི་འོད་ཐིགས་ཐད་ཀར་ངའི་བྲག་ཕུག་གི་ནང་དུ་འཕྲོས་ཏེ།
ང་རང་གི་ཐར་ལམ་ཡིན་སྲིད་པའི་ལམ་བུ་ཞིག་བསྟན་པས།
ད་ནི་ངའི་སྙིང་སྟོབས་ཇེ་ཆེར་གྱུར་སོང༌།
ད་ནི་ངས་ལས་དབང་གི་ཤོག་ལྷེ་སྒྱུར་བཞིན་ཡོད།

བརྩེ་དུང་གི་དབང་གིས་ངས་དུངས་པ་འཆང་ཆོག་སྟེ།
དེ་ནི་ང་ལ་སྙིང་སྟོབས་ཡོད་པས་སོ།།

ང་རང་སོང་ཟིན་པའི་ལམ་ཁ་ཡོངས་ལ།
ངས་འཕྲེང་སེམས་ཀྱིས་ཕྱིར་མིག་མི་བལྟ།
ད་ལྟ། ངས་བརྒྱུད་དགོས་པའི་ལམ་བུའི་ཆེད་དུ།
ང་ལ་ཟུངས་ཤུགས་གསར་པ་གནང་བར་གསོལ་འདེབས་བྱེད།

བདེ་སྐྱིད་ཐོབ་རུང་སྡུག་བསྔལ་མྱོང་རུང༌།
ང་རང་ལ་སེམས་ཁྲལ་མེད།
ང་རང་ལ་འཇིགས་སྣང་མེད་རྐྱེན།
གནོད་འཚེ་ཡིས་ང་ལ་མི་ཚུགས།

མིན། ང་ལ་སྙིང་སྟོབས་ཡོད། ང་མི་སྐྲག་ཟེར་རོགས།
སྔོན་ནས་ཁུ་སིམ་མེར་བསྡད་མོད། ད་ནས་དེ་ལྟར་མི་སྡོད།
ད་ནི་ཚ་གྲང་ལ་འགྱུར་བ་ཐེབས་སོང༌།
ད་ནི་སྔོན་ཆད་དང་མི་མཚུངས།

ང་མི་སྐྲག ང་མི་སྐྲག
དེ་རིང་གི་ཉི་མའི་འོད་ཐིགས་ཐད་ཀར་ངའི་བྲག་ཕུག་གི་ནང་དུ་འཕྲོས་ཏེ།
ང་རང་གི་ཐར་ལམ་ཡིན་སྲིད་པའི་ལམ་བུ་ཞིག་བསྟན་པས།
ད་ནི་ངའི་སྙིང་སྟོབས་ཇེ་ཆེར་གྱུར་སོང༌།
ད་ནི་ངས་ལས་དབང་གི་ཤོག་ལྷེ་སྒྱུར་བཞིན་ཡོད།

བརྩེ་དུང་གི་དབང་གིས་ངས་དུངས་པ་འཆང་ཆོག་སྟེ།
དེ་ནི་ང་ལ་སྙིང་སྟོབས་ཡོད་པས་སོ།།

རེད་ལགས། ང་ལ་སྙིང་སྟོབས་ཡོད།

·རྩོམ་ཡིག་གོང་མ:ཕྱིར་མིག་ཐེངས་ཤིག
·རྩོམ་ཡིག་འོག་མ:ཁྲ་ཁྲའི་ཞིང་ཁམས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:55:12 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:52:13 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:52:01 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 97 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS