ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག ས་ཡོམ་གྱི་འཇིགས་པ།

རྩོམ་པ་པོ:བོང་སྟག་རི་ལུ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1238ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/17 23:14:47ཚོགས་ཡར་སྤྲོད:admin

ས་ཡོམ་གྱི་འཇིགས་པ།

བོང་སྟག་རི་ལུ།

ས་ཡོམ་ཆེན་མོའི་འཇིགས་པ་ཡིས།
རང་ཁྱིམ་དྲོན་མོ་ས་ལ་བསྟིམས།

གློ་བུར་བྱུང་བའི་ཆག་སྒོ་ཡིས།

ཁྱིམ་མི་ཚོ་ཡི་ལག་རྡང་གཏོར།

ཨ་ཧོ་ཨ་ཧོ་ང་སྐྱོ་བྱུང་།

མགོན་མེད་དྭ་ཕྲུག་ང་སྐྱོ་ཨང་།

བདག་གི་ཕ་ནི་གང་ན་འདུག
བདག་གི་མ་ནི་གང་ན་འདུག

བདག་གི་གཞིས་ཁྱིམ་གང་ན་འདུག

ཨ་མ་ཨ་མ་ང་སྐྱོ་བྱུང་།

མགོན་མེད་དྭ་ཕྲུག་ང་སྐྱོ་ཨང་།

ས་ཡོམ་ཆེན་མོའི་འཇིགས་པ་ཡིས།
རང་ཁྱིམ་དྲོན་མོ་ས་ལ་བསྟིམས།

གློ་བུར་བྱུང་བའི་ཆག་སྒོ་ཡིས།

ཁྱིམ་མི་ཚོ་ཡི་ལག་རྡང་གཏོར།

ཨ་ཧོ་ཨ་ཧོ་ང་སྐྱོ་བྱུང་།

བདག་མེད་རྒན་པོ་ང་སྐྱོ་ཨང་།

བདག་གི་བུ་ནི་གང་ན་འདུག
བདག་གི་བུ་མོ་གང་ན་འདུག

བདག་གི་གཞིས་ཁྱིམ་གང་ན་འདུག

བུ་ཆུང་བུ་ཆུང་ང་སྐྱོ་བྱུང་།

བདག་མེད་རྒན་པོ་ང་སྐྱོ་ཨང་།

ས་ཡོམ་ཆེན་མོའི་འཇིགས་པ་ཡིས།
རང་ཁྱིམ་དྲོན་མོ་ས་ལ་བསྟིམས།

གློ་བུར་བྱུང་བའི་ཆག་སྒོ་ཡིས།

ཁྱིམ་མི་ཚོ་ཡི་ལག་རྡང་གཏོར།

ཨ་ཧོ་ཨ་ཧོ་ང་སྐྱོ་བྱུང་།

ཡུལ་མེད་འཁྱམ་པོ་ང་སྐྱོ་ཨང་།

བདག་གི་ནང་མི་གང་ན་འདུག
བདག་གི་གཉེན་ཉེ་གང་ན་འདུག

བདག་གི་གཞིས་ཁྱིམ་གང་ན་འདུག

སྐྱོ་ཨོ་སྐྱོ་ཨོ་ང་སྐྱོ་བྱུང་།

ཡུལ་མེད་འཁྱམ་པོ་ང་སྐྱོ་ཨང་།

·རྩོམ་ཡིག་གོང་མ:ཡུལ་ཤུལ་གྱི་ངའི་མིང་སྲིང་ཚོགས་ལ་ཕུལ་བ།
·རྩོམ་ཡིག་འོག་མ:རིན་སྤུང་ཚུལ་བསྟན་གྱིས་ཡུལ་ཤུལ་ལ་ཕུལ་བའི་མྱ་ངན་རྩོམ་ཡིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:42:38 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:31:21 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:37:07 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS