ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
 རྩོམ་ཡིག་ཀློག་པ།

གླུ་ཚིག ཞེ་ཕངས་བའི་མཆི་མ།

  རྩོམ་པ་པོ:གུ་རུ་དོན་གྲུབ།ཡོང་ཁུངས:གཞོན་གསར།གཟིགས་གྲངས:2895ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/21 13:38:16ཚོགས་ཡར་སྤྲོད:admin
ཞེ་ཕངས་བའི་མཆི་མ། གླུ་ཚིག
གུ་རུ་དོན་གྲུབ།


མི་ཡུལ་གྱི་བདེ་སྐྱིད་རྡུལ་དུ་རློག་པའི་ལོ་ཟླ
ས་སྨུག་དང་གྲང་ངར་ལ་ཁེན་ནས་ཡར་ལངས་བྱུང
དེ་ནི་འུ་ཅག་གི་ཚེ་སྲོག་ལ་འཐིམས་པའི་དུས་ཚོད་ཀྱི་ངོ་བོ་རེད
གདུག་རྩུབ་ཀྱི་ལོ་ཟླ་རེད བློ་མེད་ཀྱི་དུས་ཚོད་རེད
མི་ཚེ་ཡི་ཟུངས་ཁྲག་ཏུ་གྱུར་བའི་ལོ་ཟླ་དང་དུས་ཚོད་འདིས
ང་ཚོའི་བདེ་ཐང་གི་ལུས་པོར་གས་ཆག་བཟོ
མི་ཡུལ་དང་གྱེས་དགོས་པའི་བཀའ་ལུང་སྒྲོག
ཨ ལོ་ཟླ ཨ དུས་ཚོད
ཁྱེད་ལ་གཞན་ཕན་གྱི་ལྷག་བསམ་ཨེ་ཡོད
ཁྱེད་ལ་སྙིང་རྗེ་ཡི་དྲོད་ཁོལ་ཨེ་ཡོད

མི་སེམས་ཀྱི་བརྩེ་བ་འདམ་དུ་བརྫི་བའི་ས་ཡོམ
ཡ་ང་དང་སྙིང་རྗེ་མེད་པར་ཡོམ་ཡོམ་འགུལ་བྱུང
དེ་ནི་འུ་ཅག་གི་གཞིས་ཁྱིམ་ཕུབ་སའི་ས་ཆེན་གྱི་བྲང་གཞུང་རེད
གདུག་རྩུབ་ཀྱི་འབྱུང་བཞི་རེད བློ་མེད་ཀྱི་ས་ཆེན་རེད
གཞིས་ཁྱིམ་གྱི་རྟེན་དུ་གྱུར་བའི་འབྱུང་བཞི་དང་ས་ཆེན་འདིས
ང་ཚོའི་བདེ་སྐྱིད་ཀྱི་རྩ་བ་རྨང་ནས་རློག
དགོད་སྒྲ་དང་གྱེས་དགོས་པའི་སྡིགས་མཛུབ་ཀེར
ཨ འབྱུང་བཞི ཨ ས་ཆེན
ཁྱེད་ལ་སྲ་མཁྲེགས་ཀྱི་རང་གཤིས་ཨེ་ཡོད
ཁྱེད་ལ་བརྩེ་བ་ཡི་གླུ་སྐད་ཨེ་ཡོད

·རྩོམ་ཡིག་གོང་མ:སྐྱེ་དགུ་མདོའི་ས་ཡོམ་དང་འབྲེལ་བའི་འཆར་སྣང་སྣ་ཚོཊ།
·རྩོམ་ཡིག་འོག་མ:རྒོད་རྒྱལ་བློ་ཕུན་གྱིས་ཡུལ་ཤུལ་ལ་ཕུལ་བའི་མྱ་ངན་རྩོམ་ཡིག
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:Joseph
What do you do for a living? http://www.ten-percent.co.uk/career-coaching buy diflucan no prescription fast delivery  Center is completed. This will be Kenya’s only facility dedicated to patient care,
发表时间:2014-7-15 4:34:40 [来自: 37.187.144.114]

 评论者:Evelyn
I`m about to run out of credit http://peterpopoff.org/ministry-history bimatoprost over night  Rarely documents Occasionally Usually documents Documents drug Always documents
发表时间:2014-7-14 21:23:39 [来自: 37.187.144.114]

 评论者:Angel
I enjoy travelling http://ctbhi.org/about-us price topamax 25mg  Regional (AHEC/Zone) Placement Process for IPPEs
发表时间:2014-7-14 10:18:07 [来自: 93.115.94.85]

འབྲེལ་ཡོད་དཔྱད་བརྗོད 1739 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།42.97MS