ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་བྲིས་པའི་གཞས་ཚིག

རྩོམ་པ་པོ:རོང་བོ་དགེ་འདུན་ལྷུན་གྲུབ་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1543ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/26 9:14:43ཚོགས་ཡར་སྤྲོད:admin

ཨ་མ་ལགས།
༤.༡༤ཡི་དོན་རྐྱེན་ལ་ཕུལ་བའི་གཞས་ཚིག

རོང་བོ་དགེ་འདུན་ལྷུན་གྲུབ།
ཨ་མ་ལགས། བུ་ཆུང་ངས་ལག་པ་སྲིང་གིན་ཡོད།
ང་ཡི་ལག་པ་ཨར་འདམ་གྱི་གསེབ་ན་ཡོད།
ཨ་མ་ལགས།  ཐུགས་སེམས་སྐྱོ་བ་མ་གནང་།
བུ་ཆུང་ངས་བློ་རྩེ་ཆིག་སྒྲིམ་གྱིས།
ཁྱོད་ཀྱི་ཕྱོགས་ལ་སྙེག་གིན་ཡོད།
ཨ་མ་ལགས།  ཁྱོད་ཀྱི་སེམས་ན་འཁྱིལ་བའི་བརྩེ་བ་དེ།
བུ་ཆུང་ངའི་སྙིང་གི་ཚི་ལུ་ཡིན།

ཨ་མ་ལགས།  བུ་ཆུང་ངས་མིག་ཟུང་འབྱེད་ཀྱིན་ཡོད།
ང་ཡི་མིག་ཟུང་དེ་རྩིག་རྡིབ་ཀྱི་གསེབ་ན་ཡོད།
ཨ་མ་ལགས། ཐུགས་སེམས་སྐྱོ་བ་མ་གནངས།
བུ་ཆུང་ངས་བློ་རྩེ་ཆིག་སྒྲིམ་གྱིས།
ཁྱོད་ཀྱི་སྐད་སྒྲ་སྙེག་གིན་ཡོད།
ཨ་མ་ལགས།  ཁྱོད་ཀྱི་ངག་ན་འཁྱིལ་བའི་གསོལ་འདེབས་དེ།
བུ་ཆུང་ངའི་ལམ་གྱི་སྒྲོན་མེ་ཡིན།

ཨ་མ་ལགས།  བུ་ཆུང་ངས་གསོལ་བ་འདེབས་ཀྱིན་ཡོད།
ང་ཡི་གསོལ་འདེབས་དེ་རུས་པའི་ཟོམ་ན་ཡོད།
ཨ་མ་ལགས།  ཐུགས་སེམས་སྐྱོ་བ་མ་གནངས།
བུ་ཆུང་ངས་བློ་རྩེ་ཆིག་སྒྲིམ་གྱིས།
ཁྱོད་ཀྱི་རུམ་ཁ་སྙེག་གིན་ཡོད།
ཨ་མ་ལགས།  ཁྱོད་ཀྱི་སེམས་ན་སྒོམ་པའི་དཀོན་མཆོག་དེ།
བུ་ཆུང་ངའི་སེམས་ཀྱི་རྟེན་ཕུར་ཡིན།

རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་བྲིས།
གཞས་པ་སུ་ཞིག་ཡིན་རུང་སྐྱོ་བའི་གདངས་སུ་བཀུག་ན་ཆོག  འོན་ཀྱང་རབ་བྱུང་ན་རྩོམ་པ་པོར་འབྲེལ་བ་གནང་པར་ཞུ།
༡༣༢༠༩༧༣༤༧༩༥
·རྩོམ་ཡིག་གོང་མ:རྨ་ཞོགས་རླུང་གི་མྱ་ངན་གྱི་མིག་ཆུ།
·རྩོམ་ཡིག་འོག་མ:བྲག་ཕུག་རྒན་པོའི་འདར་གླུ་ཞེས་བྱ་བ། །
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:10:33 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:16:15 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 23:29:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS