ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག ཕ་ཡུལ།

རྩོམ་པ་པོ:ཁྱུང་ཐར་རྒྱལ།ཡོང་ཁུངས:དྲ་ཐོགགཟིགས་གྲངས:1956ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/5/15 9:24:27ཚོགས་ཡར་སྤྲོད:admin
ཕ་ཡུལ།

ཚིག---ཁྱུང་ཐར་རྒྱལ།

༡ ས་སྐྱིད་པོ་གཅིག་ལ་སྐྱིད་པོ་གཉིས། །
ས་སྐྱིད་པོ་རྩེ་གཞུང་སྨན་ལྗོངས་དེ། །
བུ་ང་ཡི་ཕ་ས་ཕ་ཡུལ་ཡིན། །
ས་གང་ལ་སོང་རུང་ཕ་ཡུལ་དྲན། །
གངས་དཀར་པོ་རིག་དུས་ལྷག་ཏུ་དྲན། །

ཕ་ཡུལ་ཕ་ཡུལ་ཟེར་བཞིན་སྐྱོ་བས་ངུས། །
ཕ་ཡུལ་ཕ་ཡུལ་ཟེར་བཞིན་དགའ་བས་ངུས། །
རང་ཡུལ་སྐྱིད་པའི་ལུང་བ་འདིའི་དོན་ལ། །
མིག་ཆུ་གསེར་ནག་ཡིན་རུང་ཡང་ཡང་ལྷུང༌། །
སྐྱིད་ན་སྡུག་ན་ལས་ཀྱི་ཕ་ཡུལ་འདི། །
རང་གི་ཐོག་མའི་ངུ་སྐད་འཐོར་ས་ཡིན། །
ཕ་ཡུལ་རྒྱང་ཐག་མི་རང་རྒྱང་ཐག་ཉེ། །
ཕ་ཡུལ་རང་གི་ལག་པའི་མཐིལ་ན་བཞུགས། །

༢  ཆུ་རྩེ་ཆུ་གཅིག་དང་འབའ་ཆུ་གཉིས། །
ཆུ་དམར་ནག་འདྲེས་པའི་གཙང་པོ་གསུམ། །
བུ་ང་ཡི་གངས་དཀར་སེམས་ན་བཞུར། །
ས་གང་ལ་སོང་རུང་ཕ་ཡུལ་དྲན། །
ཉ་གསེར་མིག་འཁྱུག་དུས་ལྷག་ཏུ་དྲན། །

ཕ་ཡུལ་ཕ་ཡུལ་ཟེར་བཞིན་སྐྱོ་བས་ངུས། །
ཕ་ཡུལ་ཕ་ཡུལ་ཟེར་བཞིན་དགའ་བས་ངུས། །
རང་ཡུལ་སྡུག་གི་ཁུར་བོ་འདིའི་དོན་ལ། །
མིག་ཆུ་གསེར་ནག་ཡིན་རུང་ཡང་ཡང་ལྷུང༌། །
སྐྱིད་ན་སྡུག་ན་ལས་ཀྱི་ཕ་ཡུལ་འདི། །
རང་གི་ལང་ཚོའི་གཉོམ་ལག་རྒྱས་ས་ཡིན། །
ཕ་ཡུལ་རྒྱང་ཐག་མི་རིང་རྒྱང་ཐག་ཉེ། །
ཕ་ཡུལ་རང་གི་ལག་པའི་མཐིལ་ན་བཞུགས། །

༣  ནགས་རྒྱ་རྫོང་གཡུ་ཡི་ལོ་མ་ཅན། །
ནང་འབྲུ་ཤུག་རྩེ་བརྒྱ་ལྡེམ་སེ་ལྡེམ། །
དཔེ་བཞག་ན་དམེ་ཤུལ་ནགས་ཚལ་རེད། །
ས་གང་ལ་སོང་རུང་ཕ་ཡུལ་དྲན། །
བྱ་ཁུ་བྱུག་གྲག་དུས་ལྷག་ཏུ་དྲན། །

ཕ་ཡུལ་ཕ་ཡུལ་ཟེར་བཞིན་སྐྱོ་བས་ངུས། །
ཕ་ཡུལ་ཕ་ཡུལ་ཟེར་བཞིན་དགའ་བས་ངུས། །
རང་ཡུལ་གད་པ་ཡིན་ཡང་སྐྱིད་བསམ་ནས། །
མིག་ཆུ་གསེར་ནག་ཡིན་རུང་ཡང་ཡང་ལྷུང༌། །
སྐྱིད་ན་སྡུག་ན་ལས་ཀྱི་ཕ་ཡུལ་འདི། །
རང་གི་རུས་པ་དཀར་པོ་འཐོར་ས་ཡིན། །
ཕ་ཡུལ་རྒྱང་ཐག་མི་རིང་རྒྱང་ཐག་ཉེ། །
ཕ་ཡུལ་རང་གི་ལག་པའི་མཐིལ་ན་བཞུགས། །

·རྩོམ་ཡིག་གོང་མ:གཞས་ཚིག ལས་འཕྲོ་ལྷག་མ།
·རྩོམ་ཡིག་འོག་མ:ཀུན་མཁྱེན་མི་ཕམ་རྒྱ་མཚོ་ལ་བསྟོད་པ་དད་པའི་གསོས་སྨན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:47:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:20:07 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:19:03 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS