ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

སྨན་བླ་སྐྱབས་ཀྱིས་བྲིས་པའི་སྒོར་བྲོའི་གཞས་ཚིག་འགའ།

རྩོམ་པ་པོ:སྨན་བླ་སྐྱབས།ཡོང་ཁུངས:རྡོ་འབུམ་ཟིན་བྲིས།གཟིགས་གྲངས:1532ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/5/27 13:27:11ཚོགས་ཡར་སྤྲོད:admin

སྐུ་ཞབས་སྨན་བླ་སྐྱབས་ཀྱིས་བྲིས་པའི་སྒོར་བྲོའི་གཞས་ཚིག་འགའ།

གཡས་སྐོར་ཁྲ་མོ།

ཚིག སྨན་བླ་སྐྱབས།

ཨ་མདོ་རེབ་གོང་རོང་བོ་དགོན་ནས། །
བན་ཆུང་བརྒྱ་སྟོང་ཚོགས་ལ་ཕེབས་ཐལ། །
སློབ་བུ་ང་ཚོ་དཔུང་རྡང་མ་ལྷོད། །
གུང་གསེང་དུས་ལ་སྐོར་བྲོ་ཁྲོབས་དང་།། བསྭོ་བསྭོ་བསྭོ།
གཡས་སྐོར་ཁྲ་མོ་གཅིག་གཉིས་ལ་
གཡས་སྐོར་ཁྲ་མོ་གསུམ་གསུམ་གསུམ། །
གཡས་སྐོར་ཁྲ་མོ་བཞི་ལྔ་ལ་
གཡས་སྐོར་ཁྲ་མོ་དྲུག་དྲུག་དྲུག །

ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་ནས། །
བན་ཆུང་བརྒྱ་སྟོང་ཚོགས་ལ་ཕེབས་ཐལ། །
སློབ་བུ་ང་ཚོ་དཔུང་རྡང་མ་ལྷོད། །
གུང་གསེང་དུས་ལ་སྐོར་བྲོ་ཁྲོབས་དང་།། བསྭོ་བསྭོ་བསྭོ།
གཡས་སྐོར་ཁྲ་མོ་གཅིག་གཉིས་ལ་
གཡས་སྐོར་ཁྲ་མོ་གསུམ་གསུམ་གསུམ། །
གཡས་སྐོར་ཁྲ་མོ་བཞི་ལྔ་ལ་
གཡས་སྐོར་ཁྲ་མོ་དྲུག་དྲུག་དྲུག།

ཨ་མདོ་རྔ་བ་ཀིརྟི་དགོན་ནས། །
བན་ཆུང་བརྒྱ་སྟོང་ཚོགས་ལ་ཕེབས་ཐལ། །
སློབ་བུ་ང་ཚོ་དཔུང་རྡང་མ་ལྷོད། །
གུང་གསེང་དུས་ལ་སྐོར་བྲོ་ཁྲོབས་དང་།། བསྭོ་བསྭོ་བསྭོ།
གཡས་སྐོར་ཁྲ་མོ་གཅིག་གཉིས་ལ་
གཡས་སྐོར་ཁྲ་མོ་གསུམ་གསུམ་གསུམ། །
གཡས་སྐོར་ཁྲ་མོ་བཞི་ལྔ་ལ་
གཡས་སྐོར་ཁྲ་མོ་དྲུག་དྲུག་དྲུག།

མཚོ་སྔོན་ཁྲི་ཤོར་རྒྱལ་མོ།
ཚིག སྨན་བླ་སྐྱབས།
བསྭོ་་་ ་་་ མཚོ་སྔོན་ཁྲི་ཤོར་རྒྱལ་མོ། །ཡ་ལ།
མཚོ་མགོ་གསེར་གྱི་མེ་ལོང་། །ཞང་ཡ་རེ་ལོ།
གསེར་བྱ་ངང་པ་སེར་པོ། །
མཚོ་མོ་འདི་ལ་འཁོར་ཡོད། །གོ་ཞང་ཡ་རེ་ལོ།
ཨ་ཅེ་ལ་ཚོ།གསེར་གྱི་མཚོ་མོ་ཚེ་རིང་། །
གསེར་བྱ་ངང་པ་ལོ་བརྒྱ། །ཨ་ཅེ་ལ་ཚོ།
གསེར་གྱི་མཚོ་མོ་ཚེ་རིང་། །
གསེར་བྱ་ངང་པ་ལོ་བརྒྱ། །

བསྭོ་་་ ་་་ མཚོ་སྔོན་ཁྲི་ཤོར་རྒྱལ་མོ། །ཡ་ལ།
མཚོ་སྐེད་དུང་གི་མེ་ལོང་། །ཞང་ཡ་རེ་ལོ།
དུང་བྱ་ཁྲུང་ཁྲུང་དཀར་མོ། །
མཚོ་མོ་འདི་ལ་འཁོར་ཡོད།།གོ་ཞང་ཡ་རེ་ལོ།
ཨ་ཅེ་ལ་ཚོ།དུང་གི་མཚོ་མོ་ཚེ་རིང་། །
དུང་བྱ་ཁྲུང་ཁྲུང་ལོ་བརྒྱ།།ཨ་ཅེ་ལ་ཚོ།
དུང་གི་མཚོ་མོ་ཚེ་རིང་། །
དུང་གི་མཚོ་མོ་ཚེ་རིང་། །

བསྭོ་་་ ་་་ མཚོ་སྔོན་ཁྲི་ཤོར་རྒྱལ་མོ། །ཡ་ལ།
མཚོ་མཐའ་གཡུ་ཡི་མེ་ལོང་།།ཞང་ཡ་རེ་ལོ།
གཡུ་བྱ་ཁུ་བྱུག་སྔོན་མོ། །
མཚོ་མོ་འདི་ལ་འཁོར་ཡོད།།གོ་ཞང་ཡ་རེ་ལོ།
ཨ་ཅེ་ལ་ཚོ།གཡུ་ཡི་མཚོ་མོ་ཚེ་རིང་། །
གཡུ་བྱ་ཁུ་བྱུག་ལོ་བརྒྱ།།ཨ་ཅེ་ལ་ཚོ།
གཡུ་ཡི་མཚོ་མོ་ཚེ་རིང་། །
གཡུ་བྱ་ཁུ་བྱུག་ལོ་བརྒྱ།

བཀྲ་ཤིས་འཛོམས་བྲོ།
ཚིག སྨན་བླ་སྐྱབས།

འཛོམ་ཤོག འཛོམ་ཤོག ཨ་སྔོན་དགུང་ལ་འཛོམ་ཤོག
ཨ་སྔོན་དགུང་ལ་གཡུ་འབྲུག་ལྗང་ལོ་འཛོམ་ཤོག
སྦྲང་ཆར་བསིལ་མ་བསྣམས་ནས་འཛོམ་ཤོག
ན་ནིང་མ་འཛོམས་གནམ་མཐའ་མྱུལ་ནས་ཕེབས་སོང་།
ད་ལོ་འཛོམས་པའི་འཛོམས་བྲོ་ཡག་པོ་བརྒྱབ་ཆོག
སང་ལོ་འཛོམ་པའི་སྨོན་ལམ་ཡང་ཡང་བརྒྱབ་ཆོག

འཛོམ་ཤོག འཛོམ་ཤོག ཁྲ་ཡག་རྫ་ལ་འཛོམ་ཤོག
ཁྲ་ཡག་རྫ་ལ་བྲེ་སེར་འབྲོང་ལོ་འཛོམ་ཤོག
རྩི་བཅུད་མེ་ཏོག་བསྣམས་ནས་འཛོམ་ཤོག
ན་ནིང་མ་འཛོམས་རྫ་མཐའ་མྱུལ་ནས་ཕེབས་སོང་།
ད་ལོ་འཛོམས་པའི་འཛོམས་བྲོ་ཡག་པོ་བརྒྱབ་ཆོག
སང་ལོ་འཛོམ་པའི་སྨོན་ལམ་ཡང་ཡང་བརྒྱབ་ཆོག

འཛོམ་ཤོག འཛོམ་ཤོག ན་ཟླའི་གྲལ་ལ་འཛོམ་ཤོག
ན་ཟླའི་གྲལ་ལ་ནང་མི་སྤུན་ཟླ་འཛོམ་ཤོག
དགའ་བའི་འཛུམ་ཆུང་བསྣམས་ནས་འཛོམ་ཤོག
ན་ནིང་མ་འཛོམས་ས་མཐའ་མྱུལ་ནས་ཕེབས་སོང་།
ད་ལོ་འཛོམས་པའི་འཛོམས་བྲོ་ཡག་པོ་བརྒྱབ་ཆོག
སང་ལོ་འཛོམ་པའི་སྨོན་ལམ་ཡང་ཡང་བརྒྱབ་ཆོག
འདི་ཉིད་རྡོ་འབུམ་ཟིན་བྲིས་སུ་བཞུགས་པའི་སྐུ་ཞབས་ཁོང་གི་ཟིན་བྲིས་གཙོད་ཀྱི་ལས་དབང་ལས་དྲངས་པ་ཡིན་ཞིང་།  རྩོམ་པ་པོ་ཁོང་ཉིད་དང་དྲ་བདག་ལ་དགོངས་བསྐོར་མ་ཞུས་པར་བརྒྱུད་འགོད་བྱས་པར་དགོངས་འགལ་མེད་པར་ཞུ།

·རྩོམ་ཡིག་གོང་མ:དཔལ་དགྱེས་པ་རྡོ་རྗེས་པྲ་ཛྙཱ་དྷྭ་ཛར་ཕུལ་བའི་ཞུ་འཕྲིན།
·རྩོམ་ཡིག་འོག་མ:ད་ལྟའི་གླུ་ཚིག་རྩོམ་པ་པོའི་གོ་ཐོབ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:39:06 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:49:05 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:27:27 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS