ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག སེམས་ཀྱི་ཨ་ལོང༌།

རྩོམ་པ་པོ:ན་རོ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1513ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/4 12:26:58ཚོགས་ཡར་སྤྲོད:admin

སེམས་ཀྱི་ཨ་ལོང༌།

ཚིག  ན་རོ།

ཉི་འོད་གསེར་གྱི་སྐུད་པས་འཆི་གསོན་གྱི་ལྷན་པ་གནོན་མ་ཐུབ་ནའང༌།
ཟླ་འོད་དངུལ་གྱི་ཐ་གུས་འདུ་འབྲལ་གྱི་བར་ཐག་སྡོམ་མ་ཐུབ་ནའང༌།
གངས་དཀར་པོ་ངུ་བཞིན་ཅོད་པན་ས་ལ་བླངས་པའི་དེ་རིང༌།
མཚོ་ལྗང་ལོ་སྨྲེང་བཞིན་གོས་ལྭ་ལོགས་སུ་ཕུད་པའི་དེ་རིང༌།
དེ་རིང༌། རི་ཁ་བ་ཅན་ན། སྲིད་པའི་མེ་ཏོག་ཐམས་ཅད་ཀྱི་མིང་ཡིག་མེད་པར་བྱས་ཏེ།
ཁྱེད་དང་གདུང་སེམས་མཉམ་བསྐྱེད་བྱས་ཡོད།
ང་ཡི་ཡུལ་ཤུལ་ལགས།

ཉི་འོད་གསེར་གྱི་སྐུད་པས་འཆི་གསོན་གྱི་ལྷན་པ་གནོན་མ་ཐུབ་ནའང༌།
ཟླ་འོད་དངུལ་གྱི་ཐ་གུས་འདུ་འབྲལ་གྱི་བར་ཐག་སྡོམ་མ་ཐུབ་ནའང༌།
སེམས་བསམ་པ་རི་བཞིན་ལྕགས་ཐག་དམ་དུ་སྦྲེལ་བའི་དེ་རིང༌།
སྙིང་རུས་པ་རྣོ་བཞིན་སྙུང་བུ་གཅིག་ཏུ་བརྡར་བའི་དེ་རིང༌།
དེ་རིང༌། རི་ཁ་བ་ཅན་ན། སྤུན་ཟླའི་བསྔོ་སྨོན་ཡོད་ཚད་ཀྱི་སྙིང་བོ་གཅིག་ཏུ་བསྡུས་ཏེ།
ཁྱེད་ལ་དཔུང་གི་སྡོངས་གྲོགས་སུ་སྦྲན་ཡོད།
ང་ཡི་ཡུལ་ཤུལ་ལགས།

ང་ཡི་ཡུལ་ཤུལ་ལགས།
མི་མཐོང་སེམས་ཀྱི་ཨ་ལོང་འདི་སྒོར་སྒོར་ཟླ་དང་འདྲ་བས་སེམས་མ་ཕམ།
མི་མངོན་སྙིང་གི་ཤེད་མོང་འདི་སྲ་མོ་ལྕགས་དང་འདྲ་བས་ཡིད་མ་ཆད།
འཛོམས་པ་ལས་ཀྱི་དཀྱིལ་འཁོར་དེ་མི་རིང་མྱུར་དུ་འགྲུབ་པའི་སྨོན་ལམ།
ཨོ་མ་ཎི་པདྨེ་ཧཱུྃ།
·རྩོམ་ཡིག་གོང་མ:ཁྱོད་འདི །
·རྩོམ་ཡིག་འོག་མ:སྤུན་ཟླའི་བར་གྱི་ཚེ་སྲོག་འཕྲོག་རེས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:30:52 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:38:00 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:02:19 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS