ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག འོ་སྒྲ།

རྩོམ་པ་པོ:དཀའ་ཐུབ་རྒྱལ།ཡོང་ཁུངས:དྲ་ཐོགགཟིགས་གྲངས:1457ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/8/25 18:24:17ཚོགས་ཡར་སྤྲོད:admin
འོ་སྒྲ།

ཚིག  དཀའ་ཐུབ་རྒྱལ།
དབྱངས།  སངས་རྒྱས་མཁར།

དབྱངས་ཅན་ལྷ་མོས་འབྲི་མོ་བཞོས། །
བཞོ་གླུ་སྙན་མོ་ཟེའུ་ལས་མཆེད། །
ཁ་བ་གངས་ཀྱི་ལྗོངས་འདི་ལ། །
དབྱངས་དང་ངག་གི་ས་བོན་བཏབ། །

བྱང་ཆུབ་སྒྲོལ་མས་འབྲི་མོ་བཞོས། །
བཞོས་པའི་འོ་མ་གངས་ལ་གཏོར། །
ཆོལ་གསུམ་བོད་མིའི་སེམས་རྒྱུད་ལ། །
བྱམས་དང་སྙིང་རྗེའི་རྩ་བ་ཚུགས། །

སྤེན་པ་མཚོ་མས་འབྲི་མོ་བཞོས། །
ལོ་དང་ཟླ་བའི་གཏམ་རྒྱུད་བཞོས། །
སྒང་པ་བོད་ཀྱི་ཡུལ་འདི་ལ། །
མཚར་སྡུག་ལྡན་པའི་ལོ་རྒྱུས་བསྐྲུན། །

ཤག་ཤག་འོ་སྒྲ་མ་འཇགས་ན། །
གཞས་ཆུང་ཕྲ་མོའི་རྒྱུན་མི་འཇགས། །
སེམས་དང་བསམ་པ་འགལ་མི་ཡོང་། །
ལོ་རྒྱུས་རིང་མོའི་གོ་མི་ལྡོག །

·རྩོམ་ཡིག་གོང་མ:ལྷམ་ཀོག་གི་སྙན་ངག་རིང་མོའི་ལེའུ་ཕྱི་མ།
·རྩོམ་ཡིག་འོག་མ:གླུ་པ་བསམ་ཁོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:06:15 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:12:10 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:08:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS