ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག ཨ་མ་དྲན་པའི་མིག་ཆུ།

རྩོམ་པ་པོ:མི་ཉག་ལྷོ་སྤྲིན།ཡོང་ཁུངས:གངས་ལྗོངས་གླེང་སྟེགས།གཟིགས་གྲངས:1513ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/9/12 22:23:55ཚོགས་ཡར་སྤྲོད:admin
ཨ་མ་དྲན་པའི་མིག་ཆུ།

ཚིག  མི་ཉག་ལྷོ་སྤྲིན།

ཐུན་གསུམ་ཐ་མའི་ངོགས་ནས། །
ཨ་མའི་འཛུམ་ཞལ་མཇལ་བྱུང༌། །
སྐྱ་རེངས་བུ་མོ་ཕྱོགས་སུ། །
དབུགས་རིང་ཐེངས་གསུམ་ཤོར་ཐལ། །

རྔ་ལྗོངས་ཕྱུག་མོའི་མཐའ་ནས། །
འབྲི་མོའི་ངུར་སྒྲ་སྒྲོག་ཚེ། །
ཨ་མའི་བཞོ་གླུ་སྙན་མོ། །
ཡིད་ལ་ཝ་ལེར་འཁོར་བྱུང༌། །

སྟོན་མཇུག་ཉ་གང་ཟླ་བ། །
འོད་དཀར་ཟླུམ་པོར་འཚེར་དུས། །
བརྩེ་ཆེན་ཨ་མའི་དུངས་སེམས། །
སྙིང་ལ་གསལ་ལེར་དྲན་བྱུང༌། །

དགུན་གསུམ་གྲང་རླུང་གསེབ་ནས། །
ཁ་བའི་འདབ་དྲུག་གཏོར་ཚེ། །
རྒྱང་རིང་ཨ་མ་དྲན་པའི། །
མིག་ཆུ་གདོང་ལ་ལྷུང་སོང༌། །

2010    3   22 ཉིན་བྲིས།
·རྩོམ་ཡིག་གོང་མ:འཇུ་སྐལ་བཟང་གི་དགེ་རྒན་དུས་ཆེན་གྱི་ལེགས་སྐྱེས།
·རྩོམ་ཡིག་འོག་མ:ངལ་རྩོལ་མང་ཚོགས་དང་རྩོམ་རིག་གི་འབྲེལ་འདྲིས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:07:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:20:36 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 12:25:45 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS