ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

བཞག་སྲས་ཀྱི་གླུ་ཚིག སེམས་ཀྱི་ཨ་མ།

རྩོམ་པ་པོ:བཞག་སྲས།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1800ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/1 22:50:37ཚོགས་ཡར་སྤྲོད:admin

སེམས་ཀྱི་ཨ་མ།

ཚིག  བཞག་སྲས།

——སློབ་གྲྭ་ཞིག་གིསློབ་གླུའིཆེད་དུ་བྲིས།

བློ་ཡི་ལྷུ་ཚུགས་ཁྱོད་ཀྱི་པང་ནས་ཆགས།
ཁྲག་གི་མ་རྐང་ཁྱོད་ཀྱི་རུམ་ནས་ཐོན།
སེམས་ཀྱི་ཨ་མ།  ང་ཡི་ལྷ་སྒང་སློབ་གྲྭ།
རི་བོ་བཞག་བྲ་དཀར་པོའི་མདུན་ཐང་ན།
ཁྱོད་ཀྱི་ཀ་ཁ་ག་ང་དལ་གྱིས་འཕུར་བཞིན་ཡོད།
ང་ཡི་དགེ་རྒན་སློབ་གྲོགས་ཐོལ་གྱིས་འཛུམ་བཞིན་ཡོད།
སེམས་ཀྱི་ཨ་མ།  ང་ཡི་ལྷ་སྒང་སློབ་གྲྭ།

ཤེས་རིག་མེ་ཏོག་ཁྱོད་ཀྱི་ཁོག་ནས་འཁྲུངས།
རིགས་ཞེན་སྤོབས་པ་ཁྱོད་ཀྱི་མངལ་ནས་སྦྲུམ།
སེམས་ཀྱི་ཨ་མ།  ང་ཡི་ལྷ་སྒང་སློབ་གྲྭ།
ཆུ་བོ་ལས་ཆུ་དྭངས་མོའི་འགྲམ་ངོགས་ན།
ཁྱོད་ཀྱི་རྐང་རྗེས་གསོན་པོ་བྲག་ལ་རྐོ་བཞིན་ཡོད།
ང་ཡི་ཕུ་ནུ་མིང་སྲིང་རེ་བས་ཁེངས་བཞིན་ཡོད།
སེམས་ཀྱི་ཨ་མ།   ང་ཡི་ལྷ་སྒང་སློབ་གྲྭ།

གསལ་བཤད།  གླུ་ཚིག་འབྲི་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། བྱ་བ་ཡང་མོ་ཞིག་མ་རེད། སྨྱུ་གུས་འབྲི་རྐྱང་ཞིག་དེ་བས་མ་རེད། སྤྱིར་བཏང་གི་རྩོམ་ལ་ཚང་དགོས་པའི་ཆ་རྐྱེན་ཀུན་འཛོམས་པའི་སྟེང་དབྱངས་དང་གདངས་ཀྱི་འཇོག་ལུགས་ལ་གོམ་འདྲིས་དང་རྒྱུས་མངའ་མེད་གཤིས་སློབ་གྲྭའིསློབ་གླུམ་ཟད་རང་འདོད་ཀྱིས་གླུ་ཚིག་ཕལ་བ་ཞིག་འབྲི་དགོས་རུང་གཅོད་ལུགས་ཀྱི་སྡེབ་སྦྱོར་དང་གཅད་དོན་གྱི་བརྗོད་བྱ་སོགས་མང་པོའི་ཐད་ནས་ལྷུ་ཚང་བ་འགྲིགས་དོད་པོ་ཅིག་འོང་མི་འདུག རྒྱུ་མཚན་དེ་པང་དུ་བླངས་ན་ད་རེབ་ཁོ་བོའིསློབ་གླུའདི་ཡང་མགོ་ཐད་རྔ་ཟད་ཅིག་གི་ཁ་གཡང་ཙམ་ལས་མ་མཆིས་ཀྱང་། སྔོན་ཆད་ཁོ་བོས་བྲིས་པའི་{གླུ་བ་ཁ་ཤས་ཤིག་གིས་ལེན་མྱོང་ཡོད}བླ་བསྟོད་ཞབས་བརྟེན་སོགས་དང་བསྡུར་ན་འདོམ་གང་གི་བར་ཐག་མེད་རུང་མཐོ་གང་གིས་མཐོ་རུ་འཕགས་ཡོད་སྙམ། ཡིན་ནའང་འདི་ལ་སྒྱུ་རྩལ་གྱིས་ཕྱུག་ལུགས་ཐལ་དྲག་ན་ཀུན་པོས་གོ་བ་མི་ལོན་པ་དང་གྲོང་ཚིག་དམར་ལྗེན་མ་མང་སོང་ན་ལ་ཤས་ངོ་གནོང་པས་གྲིམ་ལྷོད་རན་པོས་འབྲི་ཁུལ་བྱས་ཡོད་རྐྱེན་དམ་པ་རེ་ཟུང་གི་འདོད་བློ་དང་མི་མཐུན་ས་ཡོད་སྲིད། གླུ་ཚིག་འདི་འབྲི་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཁོ་བོས་ཉེ་ཆར་གླུ་བ་བློ་བཟང་གི་ཆེད་སྒྲིག་ཟེར་སྡེར་དུབོད་རིགས་སྤུན་ཟླཞེས་པ་ཞིག་བྲིས་པ་དེ་མང་ཚོགས་དཀྱུས་མའི་ཁྲོད་དུ་ད་སྔོན་རྩོམ་འཁྱོག་བརྒྱ་ཕྲག་ཁ་ཤས་བྲིས་པ་ལས་གྲགས་རྒྱ་ཆེ་བར་མ་ཟད། འཕྲུལ་རྟ་དང་སྦྲ་གུར་ཕུགས་ན་ཁོ་བོའི་སྐད་ཆ་དེ་ཡང་ཡང་གྲག་བཞིན་ཡོད་ལ། རྫི་བོ་དང་ཡུར་བའི་ངག་ན་ཁོ་བོའི་སྐད་ཆ་དེ་མང་པོ་སྐྱོར་བཞིན་འདུག་པས་དེ་དང་འཚམ་པའི་ཤུགས་རྐྱེན་རེ་འཇོག་ཐུབ་པར་སྨོས་ག་ལ་དགོས། གཞན་རྩོམ་པ་པོ་སུ་ཡིན་ཡང་ཕྲག་སྟེང་གི་འགན་འཁྲི་ཐུན་མོང་བ་དེ་ནི་རང་གི་བསམ་པ་གཞན་གྱིས་ཤེས་སུ་འཇུག་པ་དེ་རེད། རང་རང་གི་བསམ་བློའི་སྐད་ཆ་དེ་རིགས་དྲ་བ་དང་ཤོག་ལྡེབ་སོགས་སུ་བཀོད་ན་ཤེས་མཁན་གྱི་ཁོར་ཡུག་ཉུང་བས་ཀློག་པ་པོ་དང་འབྲི་བ་པོ་འུ་ཚོས་བརྩིས་ན་གྲངས་ཀྱིས་ཐེབས་པར་མ་ཟད་བོས་ན་མྱི་ངོ་ཤེས་པ་འདི་ཙམ་རེད། དེ་དང་བསྡུར་རྒྱུ་ན་གླུ་ཚིག་ཉན་མཁན་དང་ངག་ནས་ཟློ་མཁན་ནི་ཁྲི་དང་སྟོང་གིས་བར་ཁྱད་མེད་རུང་བརྒྱ་འགྱུར་ཙམ་གྱིས་མང་འདུག་པ་བཤད་མ་དགོས་པས་རྩོམ་པ་པོའི་ཞེ་འདོད་མཐར་ཐུག་པ་གཅིག་ཀྱང་གླུ་ཚིག་བྲིས་ན་རྙེད་ཡོང་སྙམ། ལྷག་པར་ངའི་ཕ་ཡུལ་ལྟ་བུའི་{ཞིང་འབྲོག་དཀྱུས་མའི་རིགས་སམ་ཡོངས་ཁྱབ་ཀྱིས་གོ་བ་བླངས་ན་བདེ}ཤེས་རིག་གི་གོ་རྟོགས་དམན་ས་དེ་ནས་དྲ་ལམ་དང་ཤོག་བུར་ཕབ་པའི་ཡིག་རིས་སྐམ་པོ་ཚོས་བསམ་བློ་ལ་སྒུལ་ཤུགས་དང་གཡོ་འགྱུར་གང་ཡང་གཏོང་མི་ཐུབ་པར་མ་ཟད་རྩོམ་ཟེར་བ་འགྲེལ་མི་ཤེས་རྒྱུ་ཞིག་དང་དེའི་རྒྱབ་ལྗོངས་ལ་གོ་བ་ཞིག་ལེན་རྒྱུ་ཡོད་པ་རྩ་བ་ནས་བསམ་མི་ཤེས་པས་གླུ་ཚིག་གམ་ཁ་བརྡ་རེ་ཟུང་གིས་བསམ་བློ་ལ་འགྱུར་བ་གཏོང་ཨེ་ཐུབ་བལྟ་དགོས་པས་རེ་ཟུང་གི་བསྐུལ་མ་དང་བསྟུན་ནས་ད་རེབ་ཀྱི་གླུ་ཚིག་འདི་བྲིས་པ་ཡིན། ཞོར་ནས་གྲོགས་པོ་སུ་ཞིག་གིས་གླུ་ཚིག་འདི་དང་གླུ་ངག་འདི་སྙན་གྱི་བུ་གའི་ལམ་དུ་འཁྱུད་འདོད་ན་བྲེལ་དང་འཚུབ་པའི་དུས་ཚོད་ཏོག་ཙམ་སྐྱུངས་དང་དབྱངས་ཀྱི་འགུགས་ལུགས་གསར་བ་བཅས་ཟླ་བ་ཁ་ཤས་ནས་རིམ་གྱིས་མཐོ་སྒང་འཛིན་མའི་ལྟོ་བར་གྲགས་ཡོང་ཤག
·རྩོམ་ཡིག་གོང་མ:ང་ཡི་ཕ་སྐད་མ་ཡིག
·རྩོམ་ཡིག་འོག་མ:གཞས་ཚིག མི་རྐྱང་གི་སྡུག་གླུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 12:35:56 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 16:22:26 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 0:48:27 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS