ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

Rockགླུ་ཚིག ང་ནི་ངའི་རྒྱལ་པོ་ཡིན།

རྩོམ་པ་པོ:རེ་རྐང་གླིང་།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1516ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/14 14:32:12ཚོགས་ཡར་སྤྲོད:admin

ང་ནི་ངའི་རྒྱལ་པོ་ཡིན།

ཚིག   རེ་རྐང་གླིང་།

སེམས།   ཡིད།  ཉོབ།   རྨོངས་པས་བསྒྲིབས།

གང་ལའང་།  གཏད་སོ་བྲལ་བའི་འདོད་འདུན་དེ།

(Electronic Music:འཕུར་གྱིན་འཕུར་གྱིན་དགུང་ལ་སྙེགས། ། སྐར་མ་རེ་རེར་རྡུང་ག་བརྒྱབ། ། སྟོང་ཁམས་འཁྲུག་པའི་ལྟད་མོ་ལས། ། ཚོར་བའི་ཆར་བ་ཤག་ཤག་འཇོ། །
(A strong bass sound)
མི་ཁོམས་པའི་གནས་སུ་སྐྱེས་པའི་ཟག་བཅས་ཀྱི་ཕུང་བོ་འདི་ལ་སུ་དང་གང་གིས་མ་བཟོས། མ་བསྐྱེད།  མ་ལས།  མ་བསྒྲིག  མ་བཅོས་པར་སྡུག་བསྔལ་གྱི་རྒྱ་ལས་ཐར་བར་དཀའ་ཟེར་བ་ནི་རྫུན་རེད།  ཤོབ་རེད། ལབ་རེད། དེ་ལ་མ་རློམ་ཅིག  དེ་ལ་མ་འཁྲེང་ཅིག  དེ་ལ་མ་ཕམ་ཅིག  མ་ཕམ་ཅིག   ---མ་  --ཕམ་   --ཅིག
Do not be afraid--------
Do not be afraid--------
Do not be afraid--------

སེམས་ཀྱི་ལྗོངས་ཆེན་གཏོར་ནས།  རང་དབང་གི་གཤོག་པ་མཁའ་ལ་བརྐྱངས་དུས།
སྤྲིན་པ་ནི་ངའི་ཀོ་ལྷམ་ཕྱི་སྤྱད་ཀྱི་ལག་རས་ཆད་པོ་དེ་རེད།
རི་བོ་ཚོགས་ཀྱིས་ཕམ་ཁའི་ཞྭ་མོ་རུམ་ལ་བསྡུ་གིན
ནགས་ཚལ་གྱི་མིག་ཟུང་ཁོ་ནར་ང་ལ་ལྐོག་བལྟ་བྱེད་དུ་འཇུག་དུས་སུ
ང་ནི་རྫ་ལམ་ནས་མ་ཁོག་པའི་འབྲོང་དེ་ཡིན
ང་ནི་ནགས་ཚལ་དུ་མ་ཤོང་བའི་སྟག་དེ་ཡིན

འབྲོང་རྒོད་ཀྱི་རྭ་ཁ་དང་རྒྱ་སྟག་གི་མཆེ་བ་དེ་མི་ལྡན་ནའང
ངས་རང་དབང་གི་འཇིག་རྟེན་ཞིག་ལ་དབང་བསྒྱུར་ནས

རྒྱལ་བོ་དང་བཙུན་མོ་དང་།  བློན་པོ་དང་།  རྟ་མཆོག་དང་།  ནོར་བུ་དང་།  གོ་ཁྲབ་དང་།  གྲི་དང་།  མདུང་དང་།  ཕུབ་དང་།  ཡོད་ཚད་ཀྱི་ཡོད་ཚད་འཛོམས་པའི་ཕུགས་བསམ་གྱི་རྒྱལ་ཁབ་ཅིག་བཙུགས་ནས་རང་དབང་གི་དར་ཆ་ཞིག་ཕོ་བྲང་གི་རྩེ་ལ་འཛུགས་ངེས།
(Vocal accompaniment:  སེམས་པ་གཅིག་ལ།  ཐེ་ཚོམ་གཉིས།  ཚིག་གསུམ་ཞུས་ཏེ། ཕྱོགས་བཞིར་གྱེས། འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དུ།   གདོང་དྲུག་མི་བུའི་མཁར་ཞིག་བསྐོར། )

ཨོ། --  ཨོ།  --   ཨོ།   -------- ཡེ།--    ཡེ།--   ཡེ།--
སེམས་ཀྱི་ལྕགས་རི་གཏོར་ནས།  ཁེར་རྐྱང་གི་རྟ་ཕོར་ལྕག་གིས་བྲབས་ཏེ།
མྱ་ངམ་ཐང་གི་ཕ་མཐའ་བརྒལ་དུས། རྐང་རྗེས་ལས་ཆུ་མིག་བཏོན་ཅིང་།  གྲིབ་གཟུགས་ཁྲོད་མེ་ཏོག་བཞད་པའི་ང་ཡི་སྣང་བ་དེ།  བར་སྣང་ན་འཕུར་ཞིང་ལྡིང་བས། ངས་ང་རྒྱལ་གྱི་མགོ་བོ་དགུང་ལ་བཙུགས་ནས།  རང་གིས་རང་ལ་རང་དབང་གི་རྒྱལ་ཁབ་ཅིག་བཙུགས་ན།  ང་།  ངའི་རྒྱལ་པོ་ཡིན།   རྒྱལ་པོ་ཡིན།

·རྩོམ་ཡིག་གོང་མ:བླ་རུང་དང་འབྲེལ་བའི་གཏམ།
·རྩོམ་ཡིག་འོག་མ:གྲོགས་ཆེ་གེ་མོར་བྲིས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:15:35 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:21:14 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 3:46:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS