ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག རེ་ཞུ།

རྩོམ་པ་པོ:འབྲོང་།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1678ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/12 11:31:21ཚོགས་ཡར་སྤྲོད:admin
རེ་ཞུ།

ཚིག  འབྲུག་ལྷ་རྒྱལ།

སྟོད་ཀྱི་རི་རྩེ་མཐོན་པོ་ནས།
རླུང་པོ་བསིལ་བསིལ་གཡུག་པ་དེས།
རླུང་རྟའི་དར་ལྕོག་སྐྱོད་བཞིན་དུ།
རྒྱང་རིང་ཡུལ་ལ་འགྲོ་བ་འདི།
སེམས་མཐུན་སུ་ཞིག་བསམ་པ་ཡིན།
སྙིང་ཉེ་གང་ཞིག་དྲན་པ་ཡིན།
རླུང་པོ་རླུང་པོ་ང་ལ་ཉོན།།
གསོམ་པའི་དར་ཤིང་ཡང་རྩེ་ན།
སྒྲོལ་མའི་དར་ལྕོག་ཁ་གང་ཡོད།
དེ་ཉིད་མ་འཁྱེར་ང་ལ་ཞོགས
བུ་མོའི་སེམས་ཀྱི་སྐྱབས་གནས་དེ།
དར་ལྕོག་དེ་ལ་གཏད་ནས་ཡོད།
ཨོ། རླུང་པོ། རླུང་པོ་ལགས།
བུ་མོ་ང་ལ་ཐུགས་བསམ་བཞེས་རོགས་ཞུ།

མདུན་གྱི་ན་ལུང་གྲུ་བཞི་ནས།
ཆུ་མོ་ཤང་ཤང་བཞུར་བ་དེས།
མེ་ཏོག་འདབ་ལོ་འཐུ་བཞིན་དུ།
རྒྱང་རིང་ཡུལ་ལ་འགྲོ་བ་འདི།
སེམས་མཐུན་སུ་ཞིག་བསམ་པ་ཡིན།
སྙིང་ཉེ་གང་ཞིག་དྲན་པ་ཡིན།
ཆུ་མོ་ཆུ་མོ་ང་ལ་ཉོན།
ཤར་གྱི་སྤང་ཐང་སྔོན་མོ་ན།
གསེར་ཆེན་མེ་ཏོག་རྐང་གཅིག་ཡོད།
དེ་ཉིད་མ་འཁྱེར་ང་ལ་སྐྱུར།
བུ་མོའི་སེམས་ཀྱི་སྦྲང་ཆུང་དེ།
མེ་ཏོག་དེ་ལ་འཁོར་ནས་ཡོད།
ཨོ། ཆུ་མོ། ཆུ་མོ་ལགས།
བུ་མོ་ང་ལ་ཐུགས་བསམ་བཞེས་རོགས་ཞུ།

·རྩོམ་ཡིག་གོང་མ:བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་མེ་ཏོག་སྐྱེད་ཚལ།
·རྩོམ་ཡིག་འོག་མ:ང་དང་༼གངས་རྒྱན་ན་ཆུང་ཚགས་པར༽
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:11:17 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:31:27 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:11:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS