ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གཞས་ཚིག
རྩོམ་ཡིག་ཀློག་པ།

གཞས་ཚིག ང་ཡི་བླ་མ།

རྩོམ་པ་པོ:འཇམ་དཔལ་རྡོ་རྗེ།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:1527ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/25 16:24:30ཚོགས་ཡར་སྤྲོད:admin

ང་ཡི་བླ་མ།

ཡབ་རྗེ་གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་ལ་རྗེས་དྲན་དུ།

ཚིག  འཇམ་དཔལ་རྡོ་རྗེ།

ཁྱེད་ནི་ཡབ་མེས་ཚོས་སྙིང་སྟོབས་ཀྱིས་བཏེགས་པའི་གསེར་གྱི་རྒྱལ་མཚན་སྟེ།

ཡུལ་ཁ་བ་ཅན་གྱི་ལས་བསོད་ཀྱི་མཁའ་དབྱིངས་ན་རླུང་གིས་བསྐྱོད་དུས།

གངས་དཀར་པོས་དབུ་རྨོག་ལྕོག་ལྕོག་གིས་ཁྱེད་ལ་གུས་ཕྱག་འཚལ།

ཆུ་གཙང་བོས་འགྱུག་ཁུག་ལྷང་ལྷང་གིས་ཁྱེད་ལ་བསྟོད་གླུ་ལེན།

ནང་ཕུ་ནུས་མཇལ་དར་ལྷབ་ལྷབ་ཀྱིས་ཁྱེད་ལ་སྐྱབས་འཇུག་ཞུ།

ཨོ  ཨོ   ང་ཡི་བླ་མ

རིགས་ཀྱི་ལས་དབང་གླེང་ས།

སྒེར་གྱི་སྐྱིད་སྡུག་ཞུ་ས།

ཁྱེད་བཞུགས་་དུས་ཕ་ཁྱིམ་ན་སྐྱིད་ཅིག་ཡོད།

ཁྱེད་བཞུགས་དུས་སེམས་ཁོངས་ན་དྲོད་ཅིག་ཡོད།

ཨོ  ཨོ    ང་ཡི་བླ་མ

ཁྱེད་ནི་མི་རིགས་འདིའི་ལས་སྐལ་ལ་འཁྲུངས་པའི་འོད་ཀྱི་མེ་ཏོག་སྟེ།

ཡུལ་ཁ་བ་ཅན་པོའི་ཆོས་སྲིད་ཀྱི་འཇིག་རྟེན་ནས་རྒྱང་ལ་བཞུད་དུས།

གནམ་སྔོན་པོས་མིག་ཆུ་ཁྲོམ་ཁྲོམ་གྱིས་ཁྱེད་ལ་མྱ་ངན་ཞུ།

ས་དོག་མོས་བརྩེ་བ་ལྷུག་ལྷུག་གིས་ཁྱེད་ལ་རྗེས་དྲན་བྱེད།

ཡུལ་ཕ་མས་སྐད་ངག་འདར་འདར་གྱིས་ཁྱེད་ལ་གདུང་འབོད་བྱེད།

ཨོ   ཨོ   ང་ཡི་བླ་མ

རིགས་ཀྱི་ལས་དབང་གླེང་ས།

སྒེར་གྱི་སྐྱིད་སྡུག་ཞུ་ས།

ཁྱེད་མེད་དུས་ཕ་ཁྱིམ་འདི་སྡུག་གིས་ཁེངས།

ཁྱེད་མེད་དུས་སེམས་པ་འདི་སྟོང་བ་རེད།

ཨོ   ཨོ    ང་ཡི་བླ་མ།

·རྩོམ་ཡིག་གོང་མ:བོད་ཀྱི་གཞས་པའི་སྡེ་ལ་འཁྱུག་ཙམ་ལྟ་བ།
·རྩོམ་ཡིག་འོག་མ:རྒྱུགས་༼རྒྱ་མ༽མ་རེད་ལྷག་མ་རེད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:26:34 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:11:22 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:10:59 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 51 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS