ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

སྐྱི་གཡའ་བའི་དེང་སང་གི་བོད་པའི་སློབ་མ་ཚོ།

རྩོམ་པ་པོ:མེ་ཞགས།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:1778ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/10/1 8:29:53ཚོགས་ཡར་སྤྲོད:admin
སྐྱི་གཡའ་བའི་དེང་སང་གི་བོད་པའི་སློབ་མ་ཚོ།
མེ་ཞགས།
དེ་རིང་ནི་༢༠༡༡ལོའི་ཟླ་༦པའི་ཚེས་༦། གནམ་གཤིས་ཧ་ཅང་ཚ། རེས་གཟའ་ཟླ་བ་རེད། ཞོགས་ཀ་ཁོ་བོ་མལ་ལས་ལངས་ཏེ་རྒྱུན་ལྡན་ལྟར་ཞོགས་ཟས་གོ་རེ་ཚ་མོ་ཉོ་རུ་སོ་བ་ཡིན།   དགོན་པའི་གཡས་གཡོན་ནས་སྔར་ལྟར་མི་འདྲ་བར་སློབ་མ་མང་པོ་ཞིག་གིས་ལག་ཏུ་ཤུག་པའི་ལོ་མ་འགའ་བཟུང་ཞིང་བསང་ཕྱེའི་ཁུག་མ་རེ་ཕྲག་ཏུ་ཁུར་ནས་བསང་མཆོད་དུ་འགྲོ་བར་མཐོང་།   སང་ཉིན་སློབ་མ་བརྒྱ་ཕྲག་མང་པོ་སློབ་ཆེན་དུ་རྒྱུགས་སྤྲོད་བྱེད་དགོས་པས་དེ་དག་རྒྱུགས་འཕྲོད་ཕྱིར་དང་བྱ་བ་ཡོད་དགུ་ལེགས་འགྲུབ་འབྱུང་ཕྱིར་ཡིན་རྒྱུ་རེད།  སྤྱིར་ན་བསང་མཆོད་བྱེད་པར་དེ་མཚུངས་ཀྱི་ཕན་ནུས་ཤིག་ཡོད་པ་ཤ་སྟག་རེད།    འོན་ཀྱང་སློབ་མ་ཕལ་ཆེ་བའི་སློབ་སྦྱོང་བྱེད་སྟངས་ནི་ཕ་མས་རྡུང་སྡིག་མི་བྱེད་པ་ཙམ་དང་དགེ་རྒན་གྱིས་མི་གཤེ་བའི་ཐབས་ཤེས་ཤིག་འཐེན་རྒྱུ་ལས། རང་སེམས་རྣལ་དུ་གནས་ནས་སློབ་སྦྱོང་བྱེད་ནི་ཆེས་ཤིན་ཏུ་དཀོན་པོ་ཡིན་ཞིང་རྒྱུགས་སྤྲོད་ལ་ཉེ་དུས་བསང་མཆོད་མང་པོ་བྱས་པས་ཕན་ཅི་ཙམ་གདགས་ཐུབ་རྒྱུ་རེད། ཉེ་ལམ་སློབ་མ་འགའ་ཤས་རྒྱུགས་སྤྲོད་དེས་ལུས་སེམས་ཚ་ཧྲིག་ཧྲིག་ཏུ་གྱུར་ནས་ཉིན་མཚན་བར་མེད་དུ་འབད་ཅིང་བརྩོན་བཞིན་ཡོད། ཡིན་ནའང་ཕུགས་འདུན་གང་ཡང་མེད་པའི་སློབ་མ་མང་ཤོས་ནི་ད་དུང་ཡང་བརྩེ་དུང་གི་འཆིང་རྒྱ་ལས་ཐར་མེད་པས་རང་ཉིད་ཀྱི་དགའ་རོགས་ལ་དོན་མེད་ཀྱི་འཆལ་གཏམ་ཆད་རྒྱུ་མེད་པ་ཞིག་བཤད་ཀྱིན་ཆེས་མཐའ་མཇུག་གི་ཉིན་འགའ་ཤས་ཀྱང་ཕངས་མེད་དུ་རླག་གིན་མཆིས། ཁོ་བོའི་ངོ་ཤེས་ཤིག་དགེ་ཐོན་སློབ་གྲྭའི་སློབ་མ་འགའ་ལ་རྒྱུགས་སྤྲོད་སྐོར་ནས་ཁ་བརྡ་བྱས་པ་ཡིན་ཟེར།
སློབ་མ་གཅིག་གིས། ཉིན་འགའ་ཤས་སྔོན་ནས་རྒྱུགས་ཤོག་ཉོ་རྒྱུ་རྙེད་སོང་བས་དྲིས་ལན་དག་བློ་རུ་ངེས་ཟིན་པས་ད་སྐབས་སློབ་སྦྱོང་བྱེད་ཀྱིན་མེད་ཟེར།  ཡང་སློབ་མ་ཞིག་གིས། སློབ་སྦྱོང་བྱེད་བསམ་པའི་ཀུན་སློང་རྩ་ནས་སྐྱེ་ཐབས་མི་འདུག   ད་རྒྱུགས་སྤྲོད་ལའང་ཐུག་རན་ཡོད་པས་ཉིན་བཞིན་བསང་མཆོད་རེ་བྱས་ནས་བསྡད་ཡོད་ཟེར།  གོ་སོང་ངམ་ཀློག་པོ་ལགས། སྐད་ཆ་འདི་དག་ནི་དུས་རབས་ཉེར་གཅིག་པའི་བོད་པ་ཚང་གི་སློབ་མ་རྣམས་མི་ཚེ་ཕྱེད་ཀའི་རིང་ལ་སློབ་གྲྭར་སོང་ནས་ད་བཟོད་ཚོར་རྟོགས་བྱུང་བའི་སྡོམ་ཚིག་ངོ་མ་བོ་དེ་རེད། ཁོ་ཚོ་སློབ་གྲྭར་འགྲོ་བ་ནི་རྒྱུགས་འཕྲོད་ཕྱིར་ཡིན་ལ་རྒྱུགས་འཕྲོད་པ་དེའང་ལས་བྱ་ཞིག་རྙེད་ཕྱིར་རེད།    དེ་དག་གི་ཕ་མར་མཚོན་ནའང་ཕྲུ་གུ་རྣམས་སློབ་གྲྭར་སྐྱེལ་བ་ནི་སློབ་རྒྱུགས་འཕྲོད་ཕྱིར་ཡིན་ལ་རྒྱུགས་འཕྲོད་པ་དེའང་ལས་ཕོག་ཞིག་ལོན་ཐབས་ཁོ་ན་རེད། སྤྱིར་ལོ་ན་སྨིན་པའི་སློབ་མ་ཞིག་ལ་མཚོན་ན། རང་ཉིད་སློབ་མཐར་ཕྱིན་ཏེ་ལས་ཁུངས་ག་གེ་མོར་བྱ་བ་སྒྲུབ་ས་རྙེད་ཅིང་མི་གཞི་དང་ཤེས་ཡོན་རྒྱུ་འབྱོར་སོགས་གང་ཐད་ནས་མི་དམན་པའི་དགའ་རོགས་ཤིག་དང་འཕྲད་སོང་ན་རང་ཉིད་བློ་ཡིད་ཤིན་ཏུ་ཚིམ་པ་མ་ཟད་རང་གི་ཕ་མ་ཡང་ཡིད་ཚིམ་ནས་བུ་རྒྱུད་མི་ཡི་ལམ་ཐོག་ཏུ་ཞོག་སོང་ཟེར་ནས་རེ་འདུན་ཐམས་ཅད་ཀྱི་རྒྱུན་དེ་མཚམས་ཆད་འགྲོ་བ་རེད།  ཀློག་པ་པོ་ལགས། ཁྱེད་ཀྱི་ཉེ་འཁོར་ན་ཡོད་པའི་སློབ་མ་དག་ཀྱང་སང་ཉིན་རྒྱུགས་སྤྲོད་ལ་ཐུག་རུང་བརྩེ་དུང་ལ་མགོ་བོ་འཁོར་ཞིང་ཡིད་ཤེས་དེ་དཔེ་དེབ་ངོས་སུ་ཁ་སྐོར་མི་ཐུབ་ནས་བསྡད་ཡོད་དམ།  ད་ལྟའི་ངའི་མིག་སྔུན་གྱི་སློབ་མ་འདི་དག་གིས་སློབ་སྦྱོང་བྱེད་སྟངས་སོགས་གང་ནས་བལྟས་ན་དེང་སང་གི་སློབ་མ་མང་ཤོས་ནི་མི་རིགས་ཤིག་གི་རྐང་འདྲེན་རེད་ཨང་།

མེ་ཞགས་ཀྱིས་ཉིན་ཐོའི་ཚུལ་དུ་རེབ་གོང་རིག་པ་འབྱོར་བའི་གྲོང་ཁྱེར་ནས།
·རྩོམ་ཡིག་གོང་མ:གཞས་ཚིག ཞེ་མཐུན་སྙིང་གི་མེ་ཏོག
·རྩོམ་ཡིག་འོག་མ:ལམ་འགྲོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:38:36 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:13:57 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:59:45 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 51 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS