ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ལམ་འགྲོ།

རྩོམ་པ་པོ:འཛེངས་ཟླ་བ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1756ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/10/2 10:11:25ཚོགས་ཡར་སྤྲོད:admin
ལམ་འགྲོ།

འཛེངས་ཟླ་བ།

རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ལམ་འགྲོ་ཞེས་པའི་ཐ་སྙད་འདིའི་སྐོར་འཛམ་གླིང་ཡུལ་གྲུ་ཀུན་གྱི་མི་རིགས་སུ་དང་སུ་ལའང་དེ་དང་འབྲེལ་བའི་ལོ་རྒྱུས་ཡུན་རིང་ལྡན་པའི་དམངས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་རེ་ཡོད།  དེས་ན་སྐྱེ་བོ་ཚང་མས་ལམ་འགྲོ་ལ་ཡིད་སྨོན་ཆེན་པོ་བྱེད་ཅིང་རྟག་པར་རང་གཞན་ཀུན་ལ་དངོས་ཤུགས་རྒྱུད་གསུམ་ནས་ལམ་འགྲོ་ཡོང་བའི་བླ་མེད་ཀྱི་བཀྲ་ཤིས་སྨོན་ འདུན་ཞུ་སྲོལ་ཡོད།  གནའ་ནས་ད་བར་མི་མ་ཉུང་བ་ཞིག་གི་འདོད་དོན་ཡང་སོ་སོའི་ཡིད་སྨོན་ལྟར་འགྲུབ་ཐུབ་ཀྱི་ཡོད་པས་ལམ་འགྲོ་ཡོང་བར་སེམས་གཏིང་གི་སྨོན་ཚིག་འདོན་སྲོལ་འདི་ཡང་ད་བར་རྒྱུན་ཆགས་སུ་གནས་ཡོད། འོན་ཀྱང་སྐྱེ་བོ་ཕལ་ཆེ་བས་ལམ་འགྲོའི་དོན་ལ་སེམས་རྣལ་དུ་ཕབ་པའི་དཔྱད་པ་ཞིབ་ཕྲ་ཞིག་དང༌། གོ་བ་ཡང་ དག་པ་ཞིག་ལོན་མེད་ཙང་རེ་སྒུག་ཁོ་ནའི་ངང་ནས་སོང་སྟེ་རིན་ཆེན་གསེར་ལས་ དཀོན་པའི་གོ་སྐབས་བཟང་པོ་གང་མང་ཞིག་ཆུད་ཟོས་སུ་བཏང་ཞིང་མི་ཚེ་དོན་མེད་དུ་འཆོལ་བའང་ཤིན་ཏུ་མང༌། དེར་བརྟེན་འདིར་རང་གིས་སོ་སོའི་འདོད་ཚུལ་ལྟར་ལམ་འགྲོའི་དོན་ལ་ཅུང་ཟད་བརྟག་ན།  ལམ་འགྲོ་ཞེས་པའི་མིང་འདོགས་སྟངས་འདི་ཕྱོགས་གཉིས་ནས་མཚོན་ཡོད་དེ། གཅིག་ནས་དཔེ་ཡི་སྒོ་ནས་མིང་འདོགས་པར་ཆ་བཞག་ན། གཡང་གཟར་སོགས་ཉེན་ཁ་ཡོད་ས་མ་ཡིན་པར་ལམ་བདེ་མོ་ཞིག་དང་འཕྲད་ནས་འགྲོ་ཐུབ་པའི་དཔེ་ལྟར་དོན་ནི་བསྒྲུབ་བྱའི་བྱ་བ་གང་ཡིན་པ་དེ་དོན་མེད་ཀྱི་ཁུག་ཀྱོག་མང་པོ་ཞིག་     བརྒྱུད་མ་དགོས་པར་ཐད་ཀར་དམིགས་པའི་གནད་ལ་འཁེལ་བར་ཡོང་བ་དེ་ཡིན་པར་སེམས། དེ་ཡང་དམིགས་པར་གནད་ལ་ཁེལ་བ་ཞེས་པ་ནི་ནད་ཐོག་སྨན་འཁེལ་བ་ལྟར་རང་གིས་བསྒྲུབ་བྱ་གང་གཉེར་པའི་བྱ་བ་དེ་སོ་སོའི་འདོད་བློའི་གནད་ལ་ཁེལ་བ་དང༌། རང་ཉིད་ལའང་དེ་སྒྲུབ་ཐུབ་པའི་ཕྱི་ནང་གསང་གསུམ་གྱི་ཆ་རྐྱེན་གནད་ལ་ འཁེལ་བ་ཡོད་པ། བྱ་བ་དེར་བེད་སྤྱད་པའི་ཐབས་ཤེས་ཀྱང་གནད་ལ་འཁེལ་བ་སོགས་ ཀྱིས་མཐར་བྱ་བ་དེ་དཀྱིལ་ཕྱིན་པར་གྲུབ་ཅིང་རང་འདོད་ཀྱི་ལྟོ་གོས་གཏམ་གསུམ་ སོགས་ཀྱང་ངང་ངང་ཤུགས་ཤུགས་སུ་ཐོན་པ་དེ་ལམ་འགྲོ་ཡིན་ངེས། འོན་ཀྱང་རང་དང་གནད་འཁེལ་པའི་བསྒྲུབ་བྱ་ཞིག་འདི་ཡིན་ཞེས་ངོ་སྤྲོད་བྱེད་མཁན་གཞན་ཕ་རོལ་པོ་ཞིག་ཤིན་ཏུ་དཀོན་ལ་བྱ་བ་དེ་ཡང་རང་གི་མདུན་དུ་འབུར་གཟུགས་སུ་ཡར་ལངས་ནས་རང་དང་ངོ་འཕྲད་པར་ཡོང་མི་སྲིད་པས། གཙོ་བོར་རང་ཉིད་ཀྱིས་རང་གི་གནས་བབ་ལ་བརྟག་དཔྱད་ལེགས་པོ་བཏང་ཞིང་རང་དང་འཚམ་པའི་བྱ་བ་ཞིག་འཚོལ་ཐུབ་མིན་ལ་རག་ལས། གལ་སྲིད་ཁོར་ཡུག་དང་གཞན་དབང་གིས་རང་གི་ལས་དོན་གཏན་ལ་འཁེལ་ཟིན་ནས་རང་ལ་གདམས་གསེས་བྱ་རྒྱུའི་གོ་སྐབས་མེད་ པ་དང༌། བྱ་བ་དེ་ཡང་རང་གི་གནས་བབ་ཀྱི་འདོད་བློ་དང་མ་འཚམ་པ་ཞིག་ཡིན་ན། ལས་དོན་ནམ་ཁོར་ཡུག་དེས་རང་དང་ཚུར་འཚམ་པོ་བྱེད་པར་ཡོང་མི་སྲིད་པས་ རང་ཉིད་ཀྱིས་དེ་དང་ཕར་འཚམ་པ་ཡོང་ཐབས་ཀྱི་གནད་ལ་འབད་དགོས་ཏེ།  བྱ་བ་དེ་ལ་སྤྲོ་བ་མེད་ན་སྤྲོ་བ་བསྐྱེད་སྲིང་དང༌། ཉམས་མྱོང་མེད་ན་ཉམས་མྱོང་འཚོལ་བསྡུ། ཆ་རྐྱེན་མེད་ན་ཆ་རྐྱེན་གསར་བསྐྲུན་སོགས་ལ་འབད་པ་ཆེར་བསྐྱེད་བྱས་ཏེ།  མདོར་ན་ཐབས་ཤེས་གནད་འཁེལ་བ་ཞིག་དང་བརྩོན་འགྲུས་རྒྱུན་ཆད་མེད་པ་ཞིག་གི་ལམ་ནས་མཐར་རང་ཉིད་བྱ་བ་དེ་དང་འཚམ་ཐུབ་པ་ཞིག་ཡོང་བ་བྱ་དགོས། དེ་ནས་རིམ་བཞིན་འབྲས་བུ་འོས་འཚམ་ཞིག་སྨིན་ཏེ་ལམ་འགྲོ་ཡོད་པའི་སྣང་ཚོར་ཞིག་རང་ཤུགས་ཀྱིས་བསྐྱེད་ཐུབ་ངེས་ཡིན།
གལ་སྲིད་དེ་ལས་ལྡོག་སྟེ་རང་གི་བསྒྲུབ་བྱ་དེ་རང་གི་ལུས་སེམས་དང་མ་འཚམ་པའམ་རང་ལ་དེ་བསྒྲུབ་རྒྱུའི་ཆ་རྐྱེན་མ་ཚང་བ་དང༌། རང་གིས་ཀྱང་དཀའ་ངལ་ཁྱད་བསད་ཀྱིས་དེ་དང་འཚམ་ཐབས་ཀྱི་ཆ་རྐྱེན་མ་བསྐྲུན་པར་གཞན་དབང་ཁོ་ནར་ཁག་བཀལ་ནས་བསྡད་པ་ཡིན་ན་མཐར་གྲུབ་འབྲས་གང་ཡང་བསྟན་རྒྱུ་མེད་པར་ གྱུར་ནས་ཚེ་གང་ལམ་འགྲོ་མེད་པའི་ཚུལ་དུ་ལུས་ཉེན་ཡོད། དཔེར་ན། གལ་སྲིད་དགེ་རྒན་གྱི་ལས་དོན་བསྒྲུབ་རྒྱུར་ཤིན་ཏུ་མི་མོས་པ་དང༌། ཤེས་བྱ་རིག་པའི་གནས་ ལ་ལྟ་རྒྱ་མཐོང་རྒྱ་ཆུང་ཞིང་ཀུན་སྤྱོད་མ་གཙང་བ་ཞིག་ཚེ་གང་དགེ་རྒན་གྱི་ལས་རིགས་ཐོག་ཏུ་ཡོད་པའི་དབང་དུ་བཏང་ན། གང་ཟག་དེ་ཉིད་བེམ་རོ་ལྟར་གནས་བབ་གང་ཡིན་པ་དེ་རང་ལ་མགོ་བོ་སྒུར་ནས་བསྡད་རྒྱུ་མེད་པར་ལམ་འགྲོ་ཡོང་ཐབས་ཀྱི་ལམ་བུ་གཏོད་ཆོག་སྟེ། གཅིག་ནས་མྱུར་དུ་ལས་གནས་སྤོས་ཏེ་རང་གི་འདོད་བློ་དང་འཚམ་པའི་ལས་རིགས་ཤིག་ནས་འཚོ་བ་གསར་པ་འགོ་ཚུགས་ཐབས་བྱ་དགོས། གཉིས་ནས་དགེ་རྒན་གྱི་ལས་རིགས་ལ་དགའ་ཞེན་ཆགས་ཐུབ་པའི་བློ་ཁ་བསྐྱེད་བསྲིང་དང༌། ཤེས་བྱ་རིག་པའི་གནས་ལ་འབད་འབུངས། སློབ་མ་སོགས་ལ་བསམ་ནས་ཁྲེལ་ཡོད་ཚུལ་ལྡན་སོགས་ཀྱིས་རང་གི་བྱང་ཚད་མཐོ་རུ་གཏོང་ཐུབ་པ་ཡིན་ན་ལམ་འགྲོ་ཞེས་པ་དེ་ཡང་གྲུབ་འབྲས་བཟང་པོ་དང་འགྲོགས་ནས་དེའི་གམ་དུ་ཡོང་ ཐག་ཆོད་ཡིན།
ཅིག་ཤོས་ནི་ལམ་འགྲོ་ཞེས་པའི་སྒྲ་བཤད་དེ་རང་ལ་བསམ་ནའང་རང་འཁོས་ཀྱི་རྒྱུ་གང་སྒྲུབ་པའི་ལམ་དེ་བརྒྱུད་ནས་རང་འདོད་དམ་འདོད་དོན་ལས་ཡོངས་སུ་བརྒལ་བའི་འབྲས་བུ་གང་དེའི་ཕྱོགས་སུ་འགྲོ་ཐུབ་པའམ་འབྲས་བུ་དངོས་སུ་འགྱུར་བ་དེ་ལ་ཟེར། འདོད་དོན་ལས་ཡོངས་སུ་བརྒལ་བའི་འབྲས་བུ་སྨིན་ཚུལ་གྱི་སྐོར་ལྐོག་འགྱུར་ཤིན་ཏུ་ཆེ་བས་སྐབས་བབ་ཀྱི་བརྗོད་བྱ་མ་ཡིན། དེ་ཡང་སོ་སོའི་ བདེ་འདོད་འབྲས་བུ་དངོས་སུ་གྱུར་ཡོད་མེད་ལ་ལམ་འགྲོ་ཡོད་མེད་དུ་ངོས་འཛིན་ ནས་འགྲེལ་ན། དེས་ན་ལམ་འགྲོ་ཡོད་དགོས་ན་ཐོག་མར་བདེ་འདོད་ཀྱི་དམིགས་ཡུལ་ངེས་གཏན་ཞིག་ཡོད་དགོས། དམིགས་ཡུལ་དེ་དངོས་སུ་འགྱུར་བར་ཤོག་ཅེས་ པའི་སྨོན་ལམ་བཟང་པོ་ཞིག་དང༌། དེ་དངོས་སུ་འགྱུར་བར་བདག་གིས་ཅི་ནས་ཀྱང་བྱའོ་སྙམ་པའི་དམ་བཅའ་བརྟན་པོ་ཞིག  དམ་བཅའ་དེ་ལྟར་བརྩོན་པ་ལྔ་ལྡན་གྱི་ ལམ་བུ་བརྒྱུད་ནས་དམིགས་པའི་འཇུག་ངོགས་སུ་བསྐྱོད་ཐུབ་པར་བྱ་བ་དེ་ལམ་འགྲོ་ཡིན། གཞན་དེ་ལས་འདས་པའི་རྒྱུ་མེད་ཀྱི་འབྲས་བུ་ཞིག་ལ་ལམ་འགྲོ་ཞེས་ཟེར་བ་ནི་ཆོས་འཇིག་རྟེན་གང་ལའང་མི་སྲིད་པའི་ཆོས་ཉིད་ཡིན།

བོད་ལྗོངས་ཆབ་མདོ་ས་ཁུལ་དམའ་རིམ་སློབ་འབྲིང་གི་ཆ་ཕྲེང་ཟླ་བ་ནས།

·རྩོམ་ཡིག་གོང་མ:སྐྱི་གཡའ་བའི་དེང་སང་གི་བོད་པའི་སློབ་མ་ཚོ།
·རྩོམ་ཡིག་འོག་མ:གཞས་ཚིག བོད་པའི་བུ་མོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 21:32:44 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:07:51 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 13:47:50 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS