ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

དབྱར་རྩྭ་དགུན་འབུའི་ངན་བསླབ།

རྩོམ་པ་པོ:གངས་མྱུགཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:2442ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/12/7 22:42:13ཚོགས་ཡར་སྤྲོད:admin

དབྱར་རྩྭ་དགུན་འབུའི་ཞོར་སྐྱོན།

གངས་མྱུག

རྨོངས་པ་ལ་རྒྱུ་ཡོད་ཀྱང་སྤྱོད་མི་ཤེས།  ཁྱི་ལ་ཚིལ་ཡོད་ཀྱང་ཟ་མི་ལོ།

ནག་ཆུའི་ས་ཁུལ་ཁ་ཤས་ཞིག་ནས་ད་ལོ་ན་ནིང་དབྱར་རྩྭ་དགུན་འབུའི་ལག་འབབ་ཧ་ཅང་མང་བའི་རྐྱེན་ལས་ཁྱིམ་ཚང་རེ་ན་ལོ་རེའི་ཡོང་འབབ་དམངས་སྒོར་ཁྲི་བརྒྱ་ནས་བརྒལ་བ་གྲངས་མང་པོ་འདུག  ཁྱིམ་ཚང་དེ་དག་གིས་ཐོག་མར་སྲམ་གཟིག་པགས་པའི་འགྲན་རྩོད་བྱས་ནས་གོས་རེའི་མཐའ་ན་སྲམ་ལྤགས་ཇེ་མང་དུ་གཏོང་ཞིང་ཐ་མར་སྲམ་ལྤགས་བཅོ་ལྔ་ནས་བརྒལ་ཡོད་ཟེར། ད་ལྟ་ཁོར་ཡུག་དང་ཞི་བདེའི་བསིལ་རླུང་གིས་རྐྱེན་པས་དེ་དག་གིས་ཕན་མ་ཐོགས་པར་རང་དགར་ལུས་པ་རེད་ཟེར། དེ་ནས་ལོ་ཤས་རིང་ཁང་པའི་འགྲན་རྩོད་ལ། ས་ཁང་དང་རྡོ་ཁང་ཨར་འདམ་ཁང་པ་སོགས་ཐོག་སོ་གཉིས་རྩིག་གིས་འགྲན་བསྡུར་བྱས་པ་ཡིན་འདུག དུད་ཚང་ཁ་ཤས་ལ་ཁང་པ་གསར་རྙིང་གསུམ་རེ་ཙམ་ཡོད་ཟེར། ན་ནིང་ད་ལོ་ནས་རླངས་འཁོར་འཇིབ་ཆུང་རིགས་ལ་འགྲན་རྩོད་བྱེད་བཞིན་འདུག་པས་ཡོང་འབབ་མཐོ་བའི་ཁྱིམ་ཚང་ཁ་ཤས་ཀྱིས་སྒོར་མོ་ཁྲི་ལྔ་བཅུ་ནས་ཉིས་བརྒྱ་མན་ཆད་ཀྱི་ཁྱོགས་འཁོར་རིགས་ལ་གཏོང་བཞིན་འདུག  ད་དུང་བུད་མེད་དེ་དག་གིས་སྟོད་ཐུང་རེ་ལ་སྒོར་ཁྲི་གཅིག་ལྷག་སྤྲད་པ་གྲངས་མང་མང་རེད། ཐབས་སྐྱོ་བ་ལ་ཁྱིམ་ཚང་མང་པོ་ཞིག་གིས་སློབ་མ་སློབ་གྲྭ་ནས་ཕྱིར་འཐེན་བྱེད་བཞིན་འདུག་པ་བརྒྱ་ཕྲག་མང་པོ་འདུག ཐོག་མར་བྱིས་པ་སློབ་གྲྭ་རུ་མི་འགྲོ་ལ་སོང་བ་རྣམས་རིམ་བཞིན་དབྱར་རྩྭ་དགུན་འབུ་བརྐོ་བར་འཁྲིད་འགྲོ། ཁོ་ཚོས་ཤོད་པ་ལྟར་ན་མི་རེའི་ ལོ་རེའི་རྩྭ་འབུའི་ཡོང་འབབ་དང་རྒྱལ་ཁབ་ལས་བྱེད་མཐོ་གྲས་གྱི་གླ་ཕོགས་གཉིས་བསྡུར་ན་ད་དུང་ལྡབ་མང་པོའི་འབུ་བརྐོའི་སྒོར་མོ་མང་འདུག་ཟེར། འབྱར་རྩྭ་དགུན་འབུ་མང་སའི་ས་ཆ་ཁག་ལ་བལྟས་ན་དགོན་པ་ཁག་གི་གྲྭ་པ་རྣམས་ཕུད་པའི་སྐྱ་བོ་མང་ཆེ་བར་ཡིག་ངོ་ཙམ་ཡང་མི་ཤེས་ལ་རྒྱ་ཡིག་མཐོང་ན་གཡས་སུ་གཡུག དབྱིན་ཡིག་རིག་ན་གཡོན་དུ་འཕེན། བོད་ཡིག་མགོ་རྐང་མི་ཤེས་པར་ལྟ་བཞིན་འདུག ཐ་ན་ཁ་པར་ཨང་གྲངས་ཙམ་ཡང་འབྲི་མི་ཤེས་ལ་བྲིས་པ་དག་ཤེས་དཀའ་བར་འདུག  བུད་མེད་རྣམས་དེང་རབས་ཀྱི་དཔེ་གསར་གྱོན་ཆས་རིགས་འདེམས་པར་དགའ་མོས་བྱེད་པ་ལས་སྐད་ཡིག་ཐད་ཧ་ཅང་རྨོངས་པའི་དུད་འགྲོའི་ཁ་ལག་རེད།
ཤེས་ལྡན་རྣམ་པ། གྲོགས་པོ་རྣམ་པ། ང་ཚོ་འདི་ལྟ་བུའི་དབྱར་རྩྭ་དགུན་འབུའི་འཚོ་བ་རོལ་སྟངས་ལ་བསམ་གཞིགས་རེ་མི་བྱེད་པར་བཞུགས་ཕོད་དམ། ཁ་ཚ་དགོས་གཏུག་གིས་བྱིས་པ་རྣམས་རང་དགར་བླུན་རྨོངས་དང་ལམ་ལོག་ཏུ་འཁྲིད་བྲ་འམ། འདི་ནི་རྩྭ་འབུའི་གཟི་བརྗེད་རེད་དམ་རྩྭ་འབུའི་གཡོ་འོག་རེད། བློ་མཐུན་ཚོ་ངས་མཐོང་བ་ཐོས་པ་དག་སྒྲོ་སྐུར་མེད་ལ་ད་དུང་གནས་ཚུལ་ལྷག་མ་མི་གསོད་ཁྲག་སྦྱོར་དང་ནང་དམེ་འཁོན་འཛིང་རིགས་ཇེ་མང་ལས་མ་འདས་མོད། གྲོགས་པོ་དེས་བཤད་པར་གཞིགས་ན་ཕོ་གསར་མོ་གསར་རྣམས་ཀྱིས་གྱོན་ཆས་ཉོ་བར་ཁྲིན་ཏུ་སོགས་ནས་ཉོ་ལ་རྟག་པར་རྒྱ་མདོ་རྣམས་སུ་འཁྱམས་ཤིང་ནོར་ལུག་གི་རྫི་བོ་གླས་བཞིན་ཡོད་ཟེར། ཧ་ཅང་ཡ་ང་བ་ཞིག་ནི་ལོ་ཤས་རིང་མཚན་མ་རེག་དུག་གི་ནད་ཀྱིས་འགོས་ཁྱབ་ཇེ་མང་དུ་སོང་འདུག འདི་ནི་དཔལ་འབྱོར་ཡར་རྒྱས་སོང་བ་དང་མཉམ་དུ་རིག་གནས་དང་འཚོ་རྟེན་ལ་བཤུ་གཞོག་ཐེབས་བཞིན་འདུག་པ་མ་ཤེས་སམ། གྲོང་ཁྱེར་དང་གྲོང་རྡལ་ན་འཁྱམས་པའི་ཞིང་འབྲོག་ཁག་གི་གཞོན་སྐྱེས་རྣམས་པ་ཚོ་ངོ་ཚ་དང་བཀའ་ཁྲེལ་ཡོད་ན་རེག་དུག་གི་འགོས་ཁྱབ་མ་ཡོང་སྔོན་འགོག་གནང་རྒྱུ་འཆུགས་མི་ཉན། ཁྱིམ་བདག་རྣམ་པ་ལགས།  ཟ་ཚེ་ཀ་ར་མངར་ཡང་ཟ་ཡུན་རྩམ་པ་རིང་ཟེར་བ་བཞིན་དབྱར་རྩྭ་དགུན་འབུའི་གཡོ་འོག་ཏུ་མི་ཚུད་པར་མིག་རྒྱང་རིང་པོའི་ངང་ནས་ལོ་ཆུང་བྱིས་པ་རྣམས་སློབ་གྲྭ་རུ་འགྲོ་རྒྱུའི་སྐུལ་སློང་མཛད་རོགས།

·རྩོམ་ཡིག་གོང་མ:སེམས་གཞས་དམར་པོ།
·རྩོམ་ཡིག་འོག་མ:བྱ་ཚིག་གི་དུས་གསུམ་དང་དངོས་པོ་བདག་གཞན་སྐོར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:47:34 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:43:43 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:41:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS