ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

དཔལ་ལྷའི་དུས་མཇལ་སློང་མོའི་དུས་མཇལ་ལ་མ་བསྒྱུར་རོཊ།

  རྩོམ་པ་པོ:དགེ་བུ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2558ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/12/9 11:46:31ཚོགས་ཡར་སྤྲོད:admin
དཔལ་ལྷའི་དུས་མཇལ་སློང་མོའི་དུས་མཇལ་ལ་མ་བསྒྱུར་རོགས།
 
དགེ་བུ།
   
   དེ་སྔོན་ལྷ་སའི་ཁུལ་དུ་དཔལ་ལྷའི་དུས་མཆོད་ཉིན་མང་ཚོགས་ཚོས་གཟུགས་གཟབ་སྤྲོས་བྱེད་ནས་དཔལ་ལྡན་ལྷ་མོར་མཇལ་ཁ་ཞུ་བ་དང་། བསངས་གསོལ་གསེར་སྐྱེམས་མཆོད་འབུལ་བྱེད་པ། སྒོར་གཞས་མཆོད་བྲོ་འཁྲབ་པ། དགོང་མོ་དུད་ཚང་ཚང་མའི་ནང་ཤ་འབྲས་ཟ་ནས་ཁྱིམ་མི་མཉམ་འཛོམས་བྱེད་པ། གྲོང་པ་ཁྱིམ་མཚེས་དང་ལས་རོགས་ངོ་ཤེས་དགའ་སའི་བུ་མོ་དང་ཕྲུ་གུ་ལ་དཔལ་ལྷའི་དུས་མཇལ་ཡིན་ཟེར་ནས་བུད་མེད་རྣམས་དུས་རྒྱུན་དཀའ་ལས་ཆེ་བས་བཀའ་དྲིན་ལེགས་གསོ་དང་ཆེ་མཐོང་ལེགས་སྐྱེས་མཚོན་བྱེད་དུ་ལག་རྟགས་རྔན་པ་སྤྲད་ནས་ཁོང་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུ་གི་ཡོད།     སྔོན་གྱི་དམངས་གཞས་ལས།  ཚེས་ཆེན་བཅོ་ལྔའི་ཞོགས་པར།  དཔལ་ལྷ་ལྕོག་ཏུ་ཕྱིན་པས།  ལས་འཕྲོ་ཡོད་པའི་བྱམས་པ།  སྒོ་མཆོར་འོག་ནས་མཇལ་བྱུང་།  ཞེས་དཔལ་ལྷའི་དུས་མཆོད་དེ་བུད་མེད་སྤྱི་དང་།  སྒོས་སུ་ན་གཞོན་ཕོ་མོ་དགའ་རོགས་བསྒྲིག་པའི་བརྩེ་མཐུན་གྱི་དུས་ཆེན་ཞིག་ཀྱང་ཡིན་ཚོད་འདུག       
   དེ་ལྟ་བུའི་སྔ་སྲོལ་བཟང་པོ་ཡོད་ཀྱང་།  ན་ནིང་དེང་སང་བུ་མོ་ལོ་ཆུང་མང་པོ་ཞིག་གིས་དེ་ཁ་ལ་གཡར་ནས་ཁྲོམ་སྲང་དང་ཟ་ཁང་ཚོང་ཁང་སོགས་གང་སར་ངོ་ཤེས་མི་ཤེས། རྒྱུས་ཡོད་མེད་ཀྱི་མི་ཚང་མ་ལ་དཔལ་ལྷའི་དུས་མཇལ་སྤྲོད་ཤོག་ཟེར་ནས་ཆེད་དུ་དངུལ་སློང་གི་འདུག་པ་དེ་ནི་ཕར་བལྟ་ས་དང་སྤྱི་སྒོས་གང་གི་ཐད་ནས་ཀྱང་མཛའ་མོ་ཡེ་ནས་མི་འདུག་སྙམ།   མ་གཞི་ནས་རྔན་པ་སྤྲད་འདོད་ཡོད་མཁན་ཚོས་རང་མོས་ཀྱི་ཐོག་ནས་སྤྲད་པ་དང་། རྩེད་མོ་ཁ་མཚར་དང་བཤད་མཁས་པོའི་ཐོག་ནས་སྤྲད་དགོས་པ་བཟོ་ཐུབ་ན་འདྲ་རེད་མ་གཏོགས།  གཞན་དེ་སྔོན་ཁམས་ཀྱི་ཚོང་མོ་ཁག་ཅིག་གིས་ཡུལ་སྐོར་བ་ཚོར་ཅ་ལག་ཉོ་འདོད་ཡོད་མེད་ལ་ཡེ་ནས་མི་བལྟ་བར་ཐ་ན་རྗེས་འདེད་བཏང་ནས་བཙན་ཉོ་བྱ་བཅུག་གི་ཡོད་པ་དེ་ནང་བཞིན། ཨུ་ཚུགས་ཀྱིས་དངུལ་སློང་ནས་བསྡད་ན་དཔལ་ལྷའི་དུས་ཆེན་དེ་ཡང་ངོ་བོ་འགྱུར་ནས། ཡུལ་ལུང་གཞན་གྱི་མི་ཚོས་དེ་བོད་ཀྱི་བུད་མེད་ཚོའི་སློང་མོའི་དུས་ཆེན་རེད་ཅེས་ཞབས་ཅོར་སྒྲོག་ཡོང་ན་ང་ཚོ་སྣང་བ་སྐྱིད་པོ་ཡོང་ས་རེད་དམ།  དཔེར་ན་དེའི་སྔོན་ལ་ས་ག་ཟླ་བའི་དུས་མཆོད་ཉིན་སློང་མོ་བྱེད་དགོས་པའི་འཚོ་བ་དཀའ་ངལ་ཐུག་ཡོད་མེད་ལ་མ་ལྟོས་པར་ཕྱོགས་ཡར་མར་ནས་ཡོང་སྟེ་གླིང་སྐོར་ལམ་དུ་གྲལ་བསྒྲིགས་ནས་སློང་མོ་བྱེད་པ་དང་།   ཆོས་པ་དྲག་གྲས་ཡིན་ཟེར་མཁན་གྱི་ཡུལ་མི་དེ་ཚོས་ཀྱང་སྒོར་རྡོག་བརྒྱ་ཚོ་རེ་མོར་ཛར་ཕིང་ཛར་ལ་བརྗེ་སྟེ་དེ་ཉིད་གནམ་ལ་འཕྱར་ནས་སྤྲང་པོ་རེ་རེ་བཞིན་ལ་འགྱེད་དེ་གང་མིན་ཚད་ཀྱི་དགེ་བ་རླབས་ཆེན་པོ་ཞིག་བསྒྲུབ་ཀྱི་ཡོད་མདོག་ངོམ་སྟོན་བྱེད་ཀྱི་ཡོད་པ་དེརམི་ཚོས་བོད་ཀྱི་སྤྲང་པོའི་དུས་ཆེན་རེད་ཟེར་ནས་ཟུར་ཟ་འཕྱ་སྨོད་བྱེད་ཀྱི་ཡོད་པ་ལྟར་རེད། 
   གང་ལྟར་བོད་ཀྱི་ཤེས་རིག་དང་དཔལ་འབྱོར་ཆོས་སྲིད་གང་སའི་ལྟེ་གནས་ཡིན་པར་རློམ་ཞིང་དེ་ལྟར་ཁ་ལ་སྒྲོག་རྒྱུར་དགའ་བའི་ང་ཚོ་ལྷ་ས་ལུང་པའི་ཡུལ་མི་འདི་ཚོས། མགོ་ཚོས་ལ་མ་ཚོས་ཀྱི་ཐོག་ནས་རི་བོང་ཅལ་འདྲོགས་རྐྱང་བྱེད་ནས་སྔར་ཡོད་ཀྱི་ཡ་རབ་སྲོལ་བཟང་མང་དག་ཅིག་ཙན་དན་སོལ་བར་བསྒྱུར་ནས་དེ་དག་གི་རིན་ཐང་དང་ངོ་བོ་བརླགས་སུ་འཇུག་པ་དང་།  ཕན་ཐོགས་གང་ཡང་མེད་ཅིང་ཡུལ་ལུང་ཕུང་ལ་སྦྱོར་བྱེད་ཀྱི་ཡ་མ་ཟུང་གི་ལུགས་སྲོལ་མང་པོ་དགའ་སྐྱེལ་གཏོང་བ། སྐྱེས་སྐར་གཏོང་བ། ཧ་ལམ་དུད་ཚང་རེའི་ནང་དུ་བག་ཁང་དང་ཆང་ཁང་རེ་བཙུག་པ་ལྟ་བུ་མང་།ཞིག་ལྟོགས་བླ་གཏམ་འདོད་ཀྱི་ངན་མགོ་བསླངས་ནས་མི་དར་དགུ་དར།མི་བྱེད་དགུ་བྱེད་ཆོ་མེད་པའི་སྲོལ་ངན་འཛུགས་རྒྱུ་ལ་ནི་ཧུར་བརྩོན་སུ་ལས་ཆེ་ཞིང་བྱེད་རྒྱུ་སུ་བས་འབེལ་བ་མི་འདུག་གམ།   
·རྩོམ་ཡིག་གོང་མ:བྱ་ཚིག་གི་དུས་གསུམ་དང་དངོས་པོ་བདག་གཞན་སྐོར།
·རྩོམ་ཡིག་འོག་མ:གཞས་ཚིག དཔལ་ལྷའི་དུས་ཆེན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྩ་བ་དང་ཡལ་གའི་བཤད་པ། ། 2015/3/10 19:02:10
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢ 2013/10/5 19:55:37
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ། 2013/10/5 19:54:13
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 4:18:00 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 15:34:13 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/12 17:49:30 [来自: 112.5.243.142]

འབྲེལ་ཡོད་དཔྱད་བརྗོད 38 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.46MS