ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

རིག་གནས་གསར་རྙིང་བར་གྱི་མཐུན་འཇུག

རྩོམ་པ་པོ:ཀར་ཚེ།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:2132ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/12/31 14:53:19ཚོགས་ཡར་སྤྲོད:admin
སྲོལ་རྒྱུན་རིག་གནས་དང་རིག་གནས་གསར་པའི་བར་གྱི་མཐུན་འཇུག

ཡུལ་ཤུལ་བ་ཀར་ཚེ།

སྤུན་ཟླ་རྣམ་པ། གྲོགས་པོ་རྣམ་པ། ངས་དེ་རིང་འདིར་རྣམ་པ་ཚང་མར་གྲོས་བསྡུར་ཞིག་ཞུ་འདོད་བྱུང༌། རྣམ་པ་ཚང་མས་དགོངས་གསལ་ལྟར་ང་ཚོའི་མི་རིགས་འདི་ནི་རྩ་བའི་ཆ་ནས་གྲངས་ཉུང་བ་དང༌། ཆབ་དཔལ་རིག་གསུམ་གང་ཅིའི་ཐད་ནས་རྗེས་ལུས་སུ་གནས་ཡོད་པའི་ཐོག་ལོ་གྲངས་བརྒྱ་ཕྲག་དུ་མར་ནང་ཁུལ་གྱི་ཡིད་སྐྱོ་བའི་གནས་ཚུལ་ནང་དུ་མགོ་འཁོར་ནས་བསྡད་ཡོད། ད་ལྟའི་ཆར་ཡང་ཆོས་བརྒྱུད་འཐེན་འཁྱེར། ཆོལ་ཁའི་དབྱེ་འབྱེད། རིག་གནས་རིས་ཆོད་སོགས་ཀྱི་གནས་ཚུལ་འདི་དག་ཀྱང་མཚོན་ཆ་ལག་ཏུ་བཟུང་བའི་སྡར་མའི་གནས་ཚུལ་དེ་དང་ཆ་འདྲ་བར་མྱུ་གུ་བེད་སྤྱོད་བྱས་ཏེ་ནང་ཁུལ་ཁ་བྲལ་དུ་གཏོང་བའི་བྱ་སྤྱོད་ཅིག་ཏུ་མཐོང༌། སྤྱིར་བཏང་མི་ཐ་དད་གཉིས་ཡིན་ནས་བཟུང་མི་འདྲ་བའི་ཆ་དུ་མ་ཡོད་པ་ནི་དངོས་པོའི་གནས་ཚུལ་ཡིན་པས་ཧ་ལས་ས་གང་ཡང་མེད་མོད། འོན་ཀྱང་ང་ཚོའི་ད་ལྟའི་གནས་བབས་འདི་ལྟ་བུའི་འོག་ང་ཚོའི་བར་གྱི་མི་འདྲ་ས་ཚང་མ་གནས་སྐབས་བཏང་སྙོམས་སུ་བསྐྱུར་ཏེ་འདྲ་སའི་གནས་སྟངས་ཐོག་ཏུ་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་གལ་འགང་ཆེ་བར་སྙམ། ང་རང་ཉིད་ནི་རིག་གནས་ཀྱི་ཆུ་ཚད་མཐོ་བའི་མི་མ་ཡིན་ཀྱང་ལྷག་བསམ་སྤྱི་ལ་དཀར་བའི་བུ་ཞིག་བྱ་འདོད་ཡོད་པའི་ཆ་ནས་རིག་གནས་གསར་རྙིང་གི་ཁ་ཕྱོགས་གཉིས་ཀར་དོ་སྣང་བྱེད་བཞིན་ཡོད། དེ་བས་ཀྱང་ཕྱོགས་གཉིས་ཀའི་ཤེས་ཡོན་པའི་སྡེ་ཁག་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ནི་ནམ་རྒྱུན་རེ་སྨོན་དང་དགའ་མོས་བྱེད་ས་ཞིག་ཏུ་གྱུར་ཡོད། ད་སྐབས་འདི་ལྟ་བུའི་དྲ་རྒྱའི་བརྒྱུད་ལམ་བེད་སྤྱོད་བཏང་སྟེ་འདྲ་མཉམ་དང་གུ་ཡངས་ཀྱི་རྨངས་གཞིའི་ཐོག རིགས་པ་དང་རྒྱུ་མཚན་གྱི་རྗེས་སུ་འབྲང་བའི་བགྲོ་གླེང་ལྷུག་པོ་ཞིག་བྱེད་རྒྱུའི་གོ་སྐབས་བྱུང་ན་སྙམ་པའི་རེ་འདུན་དུང་དུང་བ་ཞིག་སྐྱེས་བཞིན་འདུག གལ་ཏེ་དྲྭ་གྲོགས་རྣམ་པས་རྒྱབ་སྐྱོར་ཡོད་ན་ང་རང་ཉིད་ལ་འཛམ་གླིང་ཤེས་པའི་མཐོང་རྒྱ་དང༌། ཚན་རིག་གོ་བའི་ཞིབ་འཇུག་མེད་ཀྱང་སྲོལ་རྒྱུན་རིག་གནས་ཀྱི་གླེགས་བམ་ཁྲོད་དུ་མི་ཚེའི་ཕྱེད་ཀ་བསྐྱལ་བའི་མཐོང་ཐོས་ཅུང་ཟད་ཙམ་པ་འདི་རྣམ་པ་ཚོར་ལེགས་སྐྱེས་སུ་འབུལ་འདོད་ཡོད།
གོ་སྐབས་འདི་ལྟ་བུ་བེད་སྤྱོད་བྱས་ཏེ་སྲོལ་རྒྱུན་རིག་གནས་སློབ་སྦྱོང་གནང་མཁན་རྣམས་ཀྱིས་ཀྱང་རིག་གནས་གསར་བའི་ཕྱོགས་ལ་མཐོང་རྒྱ་བསྐྱེད་པ་དང༌། རིག་གནས་གསར་བའི་ཁ་ཕྱོགས་འཛིན་མཁན་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་འདི་ལ་རྒྱུས་ལོན་བྱེད་རྒྱུར་ཕན་ཐོགས་ཡོང་བའི་ལྟ་ཚུལ་འབྱུང་གི་འདུག དེ་བས་ཀྱང་གལ་ཆེ་བར་ཕྱོགས་གཉིས་ཀྱི་བར་དུ་འབྲེལ་འདྲིས་ཀྱི་ཟམ་པ་བཙུགས་ཏེ་ལག་རྡང་མཉམ་དུ་བསྒྲིགས་ནས་མི་རིགས་ཀྱི་སྣེ་ཁྲིད་ཐུབ་པའི་རེ་འདུན་ཤུགས་ཆེ་ཞུ་གི་ཡོད།
·རྩོམ་ཡིག་གོང་མ:ས་དམར་གྲགས་པའི་ཚིཊ་བཅད་སྙན་ངག་བདམས་བཀོད།
·རྩོམ་ཡིག་འོག་མ:གུ་རུའི་གསོལ་འདེབས་ཕྱོགས་བཅུ་དུས་བཞི་མ། །
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དཔལ་དུས་ཀྱི་འཁོར་ལོའི་སྨོན་ལམ། 2014/4/13 13:00:24
·དགོན་པ་ནང་སྐྱིད་ཉལ་བྱེད་ནས་མ་སྡོད། 2014/3/29 12:44:55
·བྱ་ཚིག་གི་དུས་གསུམ་དང་དངོས་པོ་བདག་གཞན་སྐོར། 2011/12/8 10:05:13
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
·ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར། 2011/7/14 20:11:35
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:13:19 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:43:48 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:10:05 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS